མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པས་ཚོགས་པ་དང་ཚན་ཆུང་བགར་ནས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་འཐུས་ཚབ་ཚོགས་པ་དང་ཚན་ཁག་སོ་སོས་གྲོས་ཞིབ་བྱས། ཚང་མས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་དང་སྦྲེལ་ནས་རང་གི་བསམ་ཚུལ་གླེང་བ་དང་། བློ་འདོན་ཇུས་འབུལ་བྱས།

གྲོས་ཞིབ་བྱེད་སྐབས། འཐུས་མི་རྣམས་ཀྱིས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལ་ཁས་ལེན་གང་ལེགས་བྱས། ཁོ་ཚོས་བཤད་རྒྱུར། སྙན་ཞུ་ནི་དངོས་ཐོག་བདེན་འཚོལ་ཡིན་པ་དང་གནད་ས་འབུར་དུ་ཐོན་ཡོད་ལ། གཞི་གྲངས་དང་མ་དཔེ་བཀོལ་ནས་འདས་པའི་ལོ་གཅིག་གི་བྱ་བ་སྤྱི་སྡོམ་བྱས་ཡོད་པ་དང་། གྲུབ་འབྲས་སྤྱི་སྡོམ་བྱས་པ་གནས་ལུགས་དང་དོན་དངོས་ལ་མཐུན་ཞིང་། གནས་པའི་གནད་དོན་ལ་དབྱེ་ཞིབ་བྱས་པ་ཡང་ལུགས་མཐུན་ཡིན་ལ། བྱ་བའི་བཀོད་སྒྲིག་གི་གཙོ་གནད་འབུར་དུ་ཐོན་ཡོད་པས། དོན་བསྡུས་པ། གནད་ལ་འཁེལ་བ། གསར་གཏོད་ཡོད་པ། ཁྱད་ཆོས་ལྡན་པ་བཅས་ཀྱི་སྙན་ཞུ་གཉིས་ཡིན་པ་དང་། མཚོ་སྔོན་གྱིས་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྲུན་དང་དཔལ་འབྱོར་སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་མངོན་པར་མཚོན་ཡོད་ཟེར།

གྲོས་ཞིབ་བྱེད་སྐབས། འཐུས་མི་རྣམས་ཀྱིས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་སྔར་ལས་རང་རྟོགས་དང་རང་འགུལ་གྱིས་ཞིང་ཆེན་ཡོངས་ཀྱི་བྱ་བའི་ཁྱོན་ཡོངས་ལ་དམིགས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པར་བྱེད་པ་དང་། འདྲི་གཅོད་ཀྱི་འགན་ནུས་དང་ཞིབ་དཔྱོད་ཀྱི་འགན་ནུས་ལེགས་པར་འདོན་པ། ལག་བསྟར་བྱེད་དཀའ་བའི་བྱ་བ་སྟོབས་ཤུགས་ཡོད་ཚད་ཀྱིས་བསྒྲུབ་པ། ཁྲིམས་འཛིན་ཁྱབ་ཁོངས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྲུན་མྱུར་དུ་སྤེལ་བ། འགྲོ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་སྲུང་ལ་ཤུགས་སྣོན་པ་བཅས་བྱས་ཏེ། མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་དོན་རེ་རེའི་ཁྲོད་ནས་འདྲ་མཉམ་དྲང་གཞག་གི་མྱོང་ཚོར་སྐྱེས་སུ་འཇུག་དགོས་པ་དང་། ཁྲིམས་འཛིན་སྒྲིག་སྲོལ་གྱི་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ། ཁྲིམས་ལྟར་འགན་ནུས་ལག་བསྟར་བྱེད་པ། སེམས་ཤུགས་གཅིག་སྒྲིལ་བྱེད་པ་བཅས་ཀྱི་སྒོ་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པར་རྨང་གཞི་བརྟན་པོ་འདིང་བར་ཁྲིམས་འཛིན་གྱི་ཞབས་ཞུ་དང་འགན་སྲུང་འདོན་སྤྲོད་བྱས་ཏེ། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་བསུ་མ་བྱེད་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།