མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པས་གྲ་སྒྲིག་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ཀྱི་ཚོམས་ཆེན་ནས་གྲ་སྒྲིག་ཚོགས་འདུ་བསྡུས། མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པར་འཐུས་མི་སུམ་བརྒྱ་དང་གོ་གཅིག་ཡོད་པ་དང་། གྲ་སྒྲིག་ཚོགས་འདུ་ལ་འཐུས་མི་སུམ་བརྒྱ་དང་རེ་དགུ་ཞུགས་པས། ཁྲིམས་བཀོད་མི་གྲངས་དང་མཐུན།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་དང་། མཱ་ཝེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉིའོ་ཁྲིན་ཡུན། ཝུའུ་ཧེ་ཁུན། ལིའུ་ཐུང་ཏི། དྲུང་ཡིག་ཆེན་མོ་ཅ་དབྱིན་ཀྲུང་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

ཚོགས་འདུ་ལ་ཀྲང་ཀོང་རུང་གིས་འགོ་འཛིན་བྱས། ཚོགས་འདུ་ལ་གྲོས་རིམ་གསུམ་ཡོད་དེ། གཅིག ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོ་འདེམ་བསྐོ་བྱེད་པ་དང་། གཉིས། གྲོས་ཚོགས་ཀྱི་གྲོས་རིམ་འཆར་ཟིན་ལ་བརྡས་ཐག་གཅོད་པ། གསུམ། འཐུས་ཚབ་ཚོགས་པ་སོ་སོའི་ཚོགས་གཙོ་དང་ཚོགས་གཙོ་གཞོན་པའི་མིང་ཐོ་བསྒྲག་པ་བཅས་རེད།

ཚོགས་འདུའི་སྟེང་གོང་གི་གྲོས་རིམ་གསུམ་ལ་རེ་རེ་བཞིན་གྲོས་འཆམ་བྱུང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།