མཚོ་སྔོན་ཞིང་ཆེན་ཚོགས་ཆེན་གཉིས་ཀྱིས་གསར་འགྱུར་དྲིལ་སྒྲོག་བཀོད་སྒྲིག་སྐུལ་སློང་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱིས་གསར་འགྱུར་དྲིལ་སྒྲོག་བཀོད་སྒྲིག་སྐུལ་སློང་གྲོས་ཚོགས་བསྡུས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་དང་ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་སོ་སོར་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་ཚོགས་དོན་གནས་ཚུལ་ཁྱབ་བསྒྲགས་བྱས། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས2019ལོའི་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དྲིལ་སྒྲོག་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་སྐུལ་སློང་བཀོད་སྒྲིག་བྱས་པ་དང་བྱེ་བྲག་གི་རེ་བ་བཏོན།

ཚོགས་ཐོག་ནས། ད་ལོའི་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དྲིལ་སྒྲོག་གི་ལས་འགན་ཧ་ཅང་ལྕི་ལ་འགན་འཁྲི་ཆེ་བས། སྨྱན་བྱད་སོ་སོས་ཧ་ཅང་མཐོང་ཆེན་བྱེད་པ་དང་། འཆར་འགོད་ནན་མོ་བྱེད་པ་དང་རྩ་འཛུགས་ཞིབ་མོ་བྱེད་དགོས། བསམ་བློའི་ངོས་འཛིན་མཐོར་འདེགས་གཏོང་བ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་དགོས། ཁ་ཕྱོགས་དང་དྲིལ་སྒྲོག་གི་བརྗོད་སྙིང་ཁོང་དུ་ཆུད་པར་བྱེད་དགོས། གནད་དོན་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ་དང་། དོ་དམ་ལ་ཤུགས་སྣོན་དགོས། དཔུང་སྡེའི་དོ་དམ་ལ་ཤུགས་སྣོན་པ་དང་། གྲོས་ཚོགས་ཀྱི་སྒྲིག་ལམ་དམ་པོ་བྱེད་དགོས། དཀའ་ཁག་ལ་མི་སྐྲག་པ་དང་མཐུན་སྒྲིལ་བྱེད་པ། མཉམ་ལས་བྱེད་པ། གསར་གཏོད་ལ་མཁས་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། སྨྱན་བྱད་ཀྱི་དྲིལ་སྒྲོག་ལམ་བུ་གསར་བ་འཚོལ་ཞིབ་བྱས་ནས། ཚོགས་ཆེན་གཉིས་ཀྱི་དགོངས་དོན་དུས་ལྟར་བརྒྱུད་སྒྲོག་ནན་མོ་བྱེད་དགོས་ཟེར།

ཚོགས་ཆེན་གཉིས་ཀྱི་དྲིལ་སྒྲོག་ཚན་ཆུང་གི་ཚན་གཙོ་དང་ཚན་གཙོ་གཞོན་པ། དྲིལ་སྒྲོག་ཚན་ཆུང་གི་ལས་བྱེད་མི་སྣ། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་གསར་འགྱུར་ལས་ཁུངས། ཞིང་ཆེན་ཡོངས་ཀྱི་གསར་འགྱུར་སྨྱན་བྱད་ཀྱི་འགན་ཁུར་མི་སྣ་དང་གསར་འགོད་པ་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།