ཞོན་ཧྭའི་མཐོ་སྒང་དབུལ་སྐྱོར་ནས་ཆང་ཐོག་དང་པོར་ཝུའུ་ཞི་གྲོང་ཁྱེར་གྱི་ཚོང་རར་བཀྲམ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བཅོ་ལྔ་ཉིན།  རིན་ཐང་སྒོར་ཁྲི་ལྔ་ལས་བརྒལ་བའི་མཐོ་སྒང་དབུལ་སྐྱོར་ནས་ཆང་སྟེ་ཀ་རིང་ཤུག་རིའི་ནས་ཆང་ཞེས་པ་དེ་ཐོག་དང་པོར་ཅང་སུའུ་ཞིང་ཆེན་ཝུའུ་ཞི་གྲོང་ཁྱེར་གྱི་ཚོང་རར་བཀྲམ་པ་དང་།  ལེང་ཞི་དང་ཞོན་ཧྭ་ས་ཁུལ་གཉིས་ཀྱི་ཚོང་ལས་མཉམ་འབྲེལ་གྱི་སྒོ་ཆེན་ཡངས་པོར་ཕྱེས་པ་རེད།

ཝུའུ་ཞི་གྲོང་ཁྱེར་ལེང་ཞི་ས་ཁུལ་དང་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ཀ་རིང་བོད་རིགས་ཞང་གཉིས་ཀྱིས་རྒྱལ་ཁབ་ཀྱི་འཛད་སྤྱོད་དབུལ་སྐྱོར་གཏིང་ཟབ་ཏུ་སྤེལ་ནས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པར་རོགས་འདེགས་བྱེད་པའི་འབྲེལ་ཡོད་དགོངས་འཆར་ནན་ཏན་གྱིས་ལག་བསྟར་བྱས་ནས།  འཛད་སྤྱོད་དབུལ་སྐྱོར་གྱི་སྟེང་ནུས་པ་གང་ཡོད་བཏོན། བྱེད་ཐབས་འདིས་སྔར་ལས་ལྷག་པའི་སྒོ་ནས་ཤར་ནུབ་ཁུལ་གྱི་དབུལ་སྐྱོར་རོགས་ལས་ཀྱི་ཡུལ་ཁོངས་རྒྱ་ཆེ་རུ་བསྐྱེད་པ་དང་ས་ཁུལ་གཉིས་འབྱོར་འབྲིང་དུ་སླེབས་ཚད་ཇེ་མགྱོགས་སུ་བཏང་བ་དང་།  ཞོན་ཧྭའི་ཁྱད་ལྡན་ཐོན་རྫས་ཝུའུ་ཞི་ནས་བཀྲམ་པའི་ཐོན་རྫས་རིགས་ཇེ་མང་དུ་བཏང་ལ། ཝུའུ་ཞི་ཡི་འཛད་སྤྱོད་པ་དག་ལ་ལོ་སར་གྱི་ནས་ཆང་ཞིམ་པོ་ཞིག་འདོན་སྤྲོད་བྱས་པ་དང་ཞོན་ཧྭའི་ཤུགས་རྐྱེན་ཇེ་ཆེར་སོང་ལ་ཝུའུ་ཞི་མང་ཚོགས་ཀྱིས་ཞོན་ཧྭ་མང་ཚོགས་ལ་བཅངས་པའི་བརྩེ་བ་ཇེ་ཟབ་ཏུ་བཏང་བ་མ་ཟད་འཛད་སྤྱོད་དབུལ་སྐྱོར་བྱེད་ཐབས་ལག་བསྟར་དངོས་འབེབས་བྱས་པ་རེད།

བྱེད་ཐབས་འདིས་གནད་ཕིགས་དབུལ་སྐྱོར་ལ་གྲུབ་འབྲས་གསར་བ་བསྐྲུན།  ལེང་ཞི་ས་ཁུལ་གྱི་རྒྱབ་སྐྱོར་ཆེན་པོ་ཐོབ་པ་དང་།  ཞོན་ཧྭའི་གྲོང་སྡེ་རིམ་པའི་དཔལ་འབྱོར་ལས་གཞི་དང་ཤུག་རི་སྡེ་བའི་ཡིག་ཚགས་ཁྱིམ་ཐོ་བཞི་ཡི་མི་ཉེར་གཉིས་དབུལ་ཐར་ཕྱུག་འགྱུར་བྱས།  མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་འབྱོར་འབྲིང་སྤྱི་ཚོགས་དམིགས་འབེན་མངོན་འགྱུར་བྱེད་པར་ནུས་ཤུགས་གསར་བ་ཁ་སྣོན་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།