མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཉིས་སྟོང་བཅོ་བརྒྱད་ལོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་བཞི་ཉིན་བར། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་གཏམ་བཤད། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མཱ་ཝེ་དང་ཀའོ་ཧྭ། ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ཉེའོ་ཁྲིན་ཡུན་དང་། ཝུའུ་ཧེ་ཁོན། ཏང་ཙུའུ་ཁོངས་མི། དྲུང་ཡིག་ཆེན་མོ་ཅ་དབྱིན་ཀྲུང་བཅས་ཚོགས་འདུར་ཞུགས། ཀྲུའུ་རིན་གཞོན་པ་ལིག་ཐུང་ཏི་དང་། ཞིང་ཆེན་དམངས་ཆེན་ལས་ཁུངས་སུ་སྡོད་པའི་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚན་ཁག་གི་ཚན་གཙོ་ཚོགས་འདུར་ཟུར་ཞུགས་བྱས། ཞིང་ཆེན་ཏང་ཨུའི་ལྟ་ཞིབ་ཚན་ཁག་དང་པོའི་འགན་ཁུར་བློ་མཐུན་གྱིས་ཚོགས་ར་ནས་མཛུབ་སྟོན་བྱས།

ཀྲང་ཀོང་རུང་གིས་བསྟན་དོན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་འགོ་ཁྲིད་ཚན་ཁག་དང་ཏང་ཙུའུ་ཁོངས་མི་རྣམས་ཀྱིས་དཔྱད་བསྡུར་ཞིབ་བཤེར་བྱས་པ་དོན་སྨིན་དང་། གྲ་སྒྲིག་འདང་ངེས་ཡིན་པ། བཤེར་འདོན་ལེགས་པོ་ཡིན་པ། བྱེད་ཕྱོགས་གསལ་བོ་ཡིན་པར་མ་ཟད། བསམ་བློ་བརྗེ་རེས་དང་རང་ཉིད་གཙང་བཟོ་བྱེད་ཐེངས་ཤིག་ཡིན་པ་ལས་གཞན། འབད་འབུངས་ལ་ཁ་ཕྱོགས་བཏོན་ནས་རྣམ་འགྱུར་བརྟན་པོ་དང་ཁག་ཁུར་གྱི་འདུ་ཤེས་མངོན་པར་མཚོན་པར་མ་ཟད། ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་བྱེད་ཕྱོགས་གསར་བ་དང་གནས་ཚུལ་གསར་བ་མངོན་ཅི་ཐུབ་བྱས་ཡོད་ཟེར།

ཀྲང་ཀོང་རུང་གིས་བླང་བྱ་བཏོན་དོན། གཅིག་ནས་ཏང་གི་འགོ་ཁྲིད་ལ་ཤུགས་བསྣན་ནས། ཆབ་སྲིད་ཀྱི་ནུས་པ་བར་མ་ཆད་པའི་ངང་ཇེ་མཐོར་གཏོད་དགོས། གཉིས་ནས་འབད་འཐབ་ཀྱི་སྙིང་སྟོབས་ཇེ་དྲག་ཏུ་བཏང་ནས། ཁྲིམས་ལྟར་རང་འཁྲིའི་ལས་དོན་བསྒྲུབ་པ་ལ་བློ་དཀར་དགོས། གསུམ་ནས་གོང་དཔེ་འོག་སྟོན་གྱི་སྦྱོར་བ་རྒྱུན་འཁྱོངས་བྱས་ཏེ། རང་སྟེང་གི་གསར་སྐྲུན་ལ་སྔར་ལས་ཤུགས་སྣོན་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།