ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ཉིས་སྟོང་བཅོ་བརྒྱད་ལོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་བཞི་ཉིན་བར།   ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ཉིས་སྟོང་བཅོ་བརྒྱད་ལོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས་པ་དང་།   ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི།    ཧྲིན་ཀྲང་ལིག་ཉིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།   གྲོས་ཚོགས་ཀྱིས་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པར་ཤུགས་སྣོན་པ་དང་།   འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ།  སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་པ།   འགན་འཁྲི་ཁག་ཁུར་བྱེད་ཕོད་པ།   བདེན་འཚོལ་དངོས་གཉེར་གྱི་སྤྱོད་ཚུལ་གྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་བརྗོད་དོན་དུ་བཟུང་ནས།   སློབ་སྦྱོང་ལ་རྩ་འཛུགས་ཞིབ་ཚགས་བྱས་པ་དང་།  རང་འགུལ་གྱིས་འགོ་ཁྲིད་ཚན་ཁག་དང་མི་སྒེར་གྱི་དངོས་ཡོད་གནས་ཚུལ་ཟུང་འབྲེལ་བྱས་ལ།  གནད་དོན་འཚོལ་ཞིབ་དང་ཏང་གཤིས་ལ་དབྱེ་ཞིབ། དག་ཐེར་བཅོས་སྐྱོང་ཁ་ཕྱོགས་དང་བྱེད་ཐབས་གསལ་བོ་ཕྱིར་བཏོན་ནས་སྲིད་གཞུང་ཏང་ཙུའུ་འགོ་ཁྲིད་ཚན་ཁག་རང་སྟེང་གི་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་།   ཧྲིན་ཀྲང་གཞོན་པ་ཁུང་ཡུང་གྲོས་ཚོགས་ལ་ཟུར་ཞུགས་བྱས་པ་དང་།  ཞིང་ཆེན་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་དང་པོ་ཚོགས་ཐོག་ཏུ་ཡོང་ནས་ལྟ་སྐུལ་མཛུབ་སྟོན་བྱས།

གྲོས་ཚོགས་ཀྱི་སྔོན་ལ།   ཞིང་ཆེན་སྲིང་གཞུང་ཏང་ཙུའུ་ཡིས་ཁ་བརྡ་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ་དང་།  བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས་ཏེ་གྲོས་ཚོགས་ལ་གྲ་སྒྲིག་གང་ལེགས་བྱས།   གྲོས་ཚོགས་སྟེང་།   ཀྲུང་དབྱང་ཆབ་སྲིད་ཅུའུ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འགོ་ཁྲིད་ཚན་ཁག་གི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།  ཉིས་སྟོང་བཅུ་བདུན་ལོའི་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་དག་ཐེར་ལེགས་བཅོས་གནས་ཚུལ་དང་།  ཉིས་སྟོང་བཅོ་བརྒྱད་ལོའི་བསམ་འཆར་བསྡུ་ལེན་གནས་ཚུལ་ཁྱབ་བསྒྲགས་བྱས།   ལིག་ཉིང་གིས་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་འགོ་ཁྲིད་ཚན་ཁག་གི་ཚབ་བྱས་ཏེ་ཞིབ་བསྡུས་ཞིབ་བཤེར་བྱས་པར་མ་ཟད།  སྣེ་ཁྲིད་དེ་རང་གིས་ཞིབ་བསྡུས་ཞིབ་བཤེར་བྱས་ལ།    ཏང་ཙུའུ་ཁོངས་མི་དག་གིས་རིམ་པ་བཞིན་ཞིབ་བསྡུར་ཞིབ་བཤེར་བྱས་ཏེ།   སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་མོ་བྱས། ཚང་མས་གཅིག་གྱུར་གྱིས་བསྟན་དོན།  ཐེངའ་འདིའི་དམངས་གཙོ་འཚོ་བའི་གྲོས་ཚོགས་བརྒྱུད་དེ།   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་རྒྱུས་ལོན་སྔར་ལས་ཇེ་ཟབ་ཏུ་བཏང་བ་དང་།  འདུ་ཤེས་བཞི་དང་ཡིད་རྟོན་བཞི།  སྲུང་སྐྱོབ་གཉིས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ལ།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།  ཞིང་ཆེན་ཏང་ཨུ་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས།  འགུལ་སྐྱོད་རང་རྟོགས་བཅས་ཇེ་དྲག་ཏུ་བཏང་བ་དང་།   ཁག་ཁུར་སྙིང་སྟོབས་དང་འཐབ་རྩོད་སྙིང་སྟོབས།  སྒྲིག་ཁྲིམས་སྲུང་བ་དང་བདེན་འཚོལ་དངོས་གཉེར་གྱི་སྤྱོད་ཚུལ་རང་རྟོགས།   ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུསག་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པའི་ཡིད་ཆེས་དང་ཆོད་སེམས་བཅས་སྔར་ལས་ཇེ་དྲག་ཏུ་བཏང་ལ།   སྲིད་གཞུང་ཏང་ཙུའུ་འགོ་ཁྲིད་ཚན་ཁག་གི་གསར་གཏོད་ནུས་ཤུགས་དང་གཅིག་བསྡུས་ནུས་ཤུགས།   འཐབ་རྩོད་ནུས་ཤུགས་ཇེ་དྲག་ཏུ་བཏང་ཟེར།

ལིག་ཉིང་གིས་སྤྱི་བསྡོམས་གཏམ་བཤད་ཁྲོད་བསྟན་དོན།   གསར་གཏོད་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་རྒྱུ་དམ་འཛིན་བྱེད་པ་དང་།   ཆབ་སྲིད་རང་རྟོགས་མཐོན་པོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་ཆབ་སྲིད་ལས་འགན་དང་པོར་བརྩིས་ཏེ།   ཁྱོན་ཡོངས་ནས་མ་ལག་ལྡན་པའི་སློབ་སྦྱོང་བྱེད་པ་དང་དུས་ཐོག་ཏུ་རྗེས་འདེད་སློབ་སྦྱོང་བྱེད་པ།   དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་བྱེད་པ།   ལྟ་སྐུལ་མཛུབ་སྟོན་བྱས་ཏེ་སློབ་སྦྱོང་བྱེད་པ།  རྒྱུན་ཆད་མེད་པར་སློབ་སྦྱོང་བཅས་བྱེད་དགོས།   ཐོག་མཐའ་བར་གསུམ་ཀུན་ཏུ་སྲུང་སྐྱོབ་བྱེད་དགོས་པ་གཉིས་ལག་བསྟར་བྱེད་པ་དང་།   འདུ་ཤེས་བཞི་དང་ཡིད་རྟོན་བཞི་བརྟན་པོར་འཛུགས་པའི་ཁྲོད་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོབ་བྱེདདགོས་པ་གཉིས་ལག་བསྟར་བཟང་བོ་བྱེད་པའི་རང་རྟོགས་ཇེ་དྲག་ཏུ་གཏོང་དགོས་པ་དང་།    དམངས་གཙོ་གཅིག་བསྡུས་ལམ་ལུགས་གཟབ་ནན་གྱིས་ལག་བསྟར་བྱས་ཏེ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།   ཞིང་ཆེན་ཏང་ཨུ་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་དགོས།    འཐབ་རྩོད་འདུ་ཤེས་དང་འཐབ་རྩོད་སྙིང་སྟོབས་ཇེ་དྲག་ཏུ་གཏོང་བ་དང་།   འཐབ་རྩོད་ནུས་པ་དང་འཐབ་རྩོད་ཆུ་ཚད་མཐོར་འདེགས་བཏང་སྟེ་འཐབ་རྩོད་ཕན་ནུས་བཟང་བོ་ཐོབ་པར་བརྩོན་ལེན་བྱེད་དགོས།   སྤྱོད་གཙང་སྲོལ་བཟང་རྒྱུན་འཁྱོངས་དང་།   སྤྱོད་གཙང་རང་གཅུན་གྱི་གཏན་ཁེལ་སོ་སོ་ལག་བསྟར་བྱས་ཏེ་ཁྱོན་ཡོངས་ནས་ལས་རྐང་གཅིག་ལ་འགན་འཁྲི་གཉིས་དོན་འཁྱོལ་བྱེད་པ་དང་།  དག་གཙང་སྲིད་གཞུང་འཛུགས་སྐྲུན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།