ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲ་སྒྲིག་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་བཞི་པ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲ་སྒྲིག་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་བཞི་པ་བསྡུས་ཏེ། བྱ་བའི་ཚན་ཁག་སོ་སོའི་ལས་དོན་སྤེལ་བའི་གནས་ཚུལ་སྙན་ཞུར་ཉན་པར་མ་ཟད། རྗེས་ཕྱོགས་ཀྱི་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ་གཏམ་བཤད་པ་དང་། ཁོས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་གོ་རྟོགས་སྔར་ལས་ཇེ་མཐོར་དང་བྱ་བའི་ཚད་གཞི་ཇེ་དམ། འགན་འཁྲི་ཇེ་དྲག གླེང་ཕྱོགས་དང་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་གཏང་བ་བཅས་ལ་འབད་དེ། གཟབ་ནན་དང་ཞིབ་ཕྲ། འབད་བརྩོན་བཅས་ཀྱི་རྣམ་འགྱུར་བཟུང་ནས་ལས་རིམ་ཁག་སོ་སོའི་གྲ་སྒྲིག་བྱ་བ་བཟང་པོར་བསྒྲུབ་དགོས་ཟེར།

ཝང་ཞའོ་ཡུང་གིས་ནན་གྱིས་བསྟན་དོན། “ཚོགས་ཆེན་གཉིས”ནི་ཞིང་ཆེན་ཡོངས་ཀྱི་མི་དམངས་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་ལས་དོན་གལ་ཆེན་ཞིག་ཡིན་པས། ཆབ་སྲིད་ཀྱི་གོ་རྟོགས་སྔར་ལས་ཇེ་མཐོར་གཏང་བ་དང་། ཐེངས་འདིའི་གྲོས་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ཡག་པོ་དང་། འགན་འཁྲིའི་བསམ་པ་ཆེ་རུ་གཏོང་བ། བསམ་བློའི་འཁྱེར་ཕྱོགས་དང་ལས་ཀའི་སེམས་ཤུགས་བཟང་པོ་མུ་མཐུད་དུ་རྒྱུན་སྐྱོང་བ། བྱ་བའི་ཚད་གཞི་སྔར་ལས་ཇེ་མཐོར་གཏང་བ། ཚོགས་འདུའི་གྲ་སྒྲིག་ལས་དོན་ཁག་དངོས་སུ་ཞིབ་ཕྲར་ལེགས་སྒྲུབ་བྱེད་པ། དྲིལ་སྒྲོག་ལ་ཤུགས་སྣོན་བྱས་ནས། ཞིང་ཆེན་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུ་དང་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི་དྲིལ་བསྒྲགས་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གྲོས་ཚོགས་ཕྱོགས་ཡོངས་ནས་གནས་ཚུལ་སྤེལ་བར་གཞིགས་ནས། གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་པ་བརྒྱུད་དེ། ཁག་ཁུར་གྱི་འདུ་ཤེས་སྔར་ལས་ཇེ་དྲག ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་བྱ་བའི་སྒྲིག་ཁྲིམས། གསང་རྒྱ་སྡོམ་པའི་སྒྲིག་ཁྲིམས། རྩ་འཛུགས་ཀྱི་གོ་རིམ་དང་གྲོས་ཚོགས་ཀྱི་འབྲེལ་ཡོད་སྒྲིག་ལུགས་བཅས་དམ་སྲུང་བྱེད་དགོས་པར་མ་ཟད། “ཀྲུང་དབྱང་གི་གཏན་འཁེལ་བརྒྱད”ཀྱི་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱས་ནས། སྤྱོད་བཟང་གཞུང་དྲང་གི་གྲོས་ཚོགས་ཀྱི་མཁའ་དབུགས་ལེགས་པོ་ཞིག་གྲུབ་པར་བྱ་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།