མཚོ་སྔོན་གྱིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲ་སྒྲིག་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་བཞི་བ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   ཟླ1པོའི་ཚེས4ཉིན། མཚོ་སྔོན་གྱིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲ་སྒྲིག་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་བཞི་བ་བསྡུས་ཏེ། བྱ་བའི་ཚན་ཁག་སོ་སོའི་ལས་དོན་སྤེལ་བའི་གནས་ཚུལ་སྙན་ཞུར་ཉན་པར་མ་ཟད། རྗེས་ཕྱོགས་ཀྱི་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ་གཏམ་བཤད་ནས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་གོ་གནས་སྔར་ལས་ཇེ་མཐོར་གཏོད་པ་དང་བྱ་བའི་ཚད་གཞི་ཇེ་དམ་དུ་གཏོང་བ། འགན་འཁྲི་ཇེ་དྲག་ཏུ་གཏོང་བ། གླེང་ཕྱོགས་དང་དྲིལ་སྒྲོག་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་བཅས་ལ་འབད་མཐར། གཟབ་ནན་དང་ཞིབ་ཕྲ། འབད་བརྩོན་བཅས་ཀྱི་རྣམ་འགྱུར་བཟུང་ནས་ལས་རིམ་ཁག་སོ་སོའི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

ཝང་ཞའོ་ཡུང་གིས་ནན་གྱིས་བསྟན་དོན། ཚོགས་འདུ་གཉིས་ནི་ཞིང་ཆེན་ཡོངས་ཀྱི་མི་དམངས་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་ལས་དོན་གལ་ཆེན་ཞིག་ཡིན་པས། ཆབ་སྲིད་ཀྱི་གོ་གནས་སྔར་ལས་ཇེ་མཐོར་གཏོད་པ་དང་བྱ་བའི་ཚད་གཞི་སྔར་ལས་ཇེ་མཐོར་གཏོད་པ། དྲིལ་སྒྲོག་ལ་ཤུགས་སྣོན་པ། ཁག་ཁུར་གྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་བྱ་བའི་སྒྲིག་ཁྲིམས། གསང་རྒྱ་སྡོམ་པའི་སྒྲིག་ཁྲིམས། རྩ་འཛུགས་ཀྱི་གོ་རིམ་དང་གྲོས་ཚོགས་ཀྱི་འབྲེལ་ཡོད་སྒྲིག་ལུགས་བཅས་དམ་སྲུང་བྱེད་དགོས་པར་མ་ཟད། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱས་ནས། སྤྱོད་བཟང་གཞུང་དྲང་གི་གྲོས་ཚོགས་ཀྱི་མཁའ་དབུགས་ལེགས་པོ་ཞིག་གྲུབ་པར་བྱེད་དགོས་ཟེར།  

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།