ཏུའུ་ཅེ་ཡིས་མཚོ་ལྷོ་ཁུལ་གྱི་སྲིད་གྲོས་འབྲེལ་གཏུག་མཛུབ་སྟོན་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་ཡིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་གྲོས་འབྲེལ་གཏུག་མཛུབ་སྟོན་བྱ་བར་རྟོག་ཞིབ་བྱས་ཏེ། མཚོ་ལྷོ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། མཚོ་ལྷོ་ཁུལ་གྱི་སྲིད་གྲོས་འགན་ནུས་ལག་བསྟར་བྱས་པའི་གནས་ཚུལ་སྙན་ཞུར་ཉན་པ་ལས་གཞན། ཁུལ་དང་རྫོང་གི་བྱ་བ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བའི་སྐོར་ནས་བླང་བྱ་ཞིབ་ཕྲ་བཏོན།

 ཏུའུ་ཅེ་ཡིས་བསྟན་དོན། མཚོ་ལྷོ་ཁུལ་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས་པའི་སྐོར་གྱི་བསམ་བློ་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་དང་དངོས་འབེབས་དོན་འཁྱོལ་བྱས་ཏེ། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དང་། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་ལས་དོན་གཙོ་བོ་དང་ཇུས་ཆོད་བཀོད་སྒྲིག་དཀྱིལ་སྙིང་དུ་བཟུང་ནས། ལྔ་བཞི་འཐབ་ཇུས་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་དངོས་འབེབས་མཐར་ཕྱིན་བྱེད་པར་བྱས་རྗེས་འཇོག་དགོས་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།