མཚོ་སྔོན་ཞིང་ཆེན་གྱིས་དངུལ་རྩར་བརྟེན་ནས་དབུལ་སྒྲོལ་ལ་རྒྱབ་སྐྱོར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལག་ལེན་བསྟར་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྫོང་ཨུད་དང་རྫོང་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ་གནད་སྨིན་དབུལ་སྐྱོར་གྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱ་ཆེད། འཛུགས་སྐྲུན་དངུལ་ཁང་གཅན་ཚ་ཉིང་ལག་དངུལ་ཁང་གིས་མི་སྒེར་གྱི་དངུལ་བུན་གཏོང་བའི་གནད་སྨིན་དབུལ་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། གནད་སྨིན་དབུལ་སྐྱོར་གྱི་མི་སྒེར་གྱི་དངུལ་བུན་གཏོང་བའི་ལས་དོན་སྤེལ་བའི་དོན་སྙིང་ཟབ་མོར་གོ་བ་གཏིང་ཟབ་ལེན་པ། འབྲེལ་ཡོད་སྲིད་ཇུས་སློབ་སྦྱོང་བྱ་རྒྱུའི་སྒྲིག་འཛུགས་ནན་ཏན་བཅས་བྱས་ཏེ་གཅན་ཚ་རྫོང་གི་དོན་དངོས་དང་བསྟུན་ནས་ཡིད་རྟོན་དངུལ་བུན་སྲིད་ཇུས་གསར་གཏོད་བྱས་པ་དང་། དཀའ་ངལ་ཁྱད་བསད་ཀྱིས་ལས་ཀའི་ལག་བསྟར་ཇུས་གཞི་ཞིབ་འཇུག་བྱས་ཏེ་བཟོས་པ་དང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཉེ་ཆར་འབྲེལ་གཏུག་བྱ་ཡུལ་དབུལ་སྐྱོར་གྲོང་ཚོར་དབུལ་སྐྱོར་གྲངས་ཉུང་ཡིད་རྟོན་དངུལ་བུན་སྒོར་ཁྲི2སྤྲད་པས་ལས་སྒོ་དེ་མེད་པའི་སྟོང་ཆ་གསབ་པ་རེད།

འཛུགས་སྐྲུན་དངུལ་ཁང་གཅན་ཚ་ཉིང་ལག་དངུལ་ཁང་གི་རོགས་སྐྱོར་བྱ་ཡུལ་གྲོང་ཚོ་དབུལ་པོ་དེ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་ཁམས་ར་གྲོང་རྡལ་དོ་རྒྱ་དོན་གཅོད་ཁྲུའུ་ཡི་ཁེས་གྱམ་གྲོང་ཚོ་ཡིན་པ་དང་ས་བབ་མཐོ་ལ་ཐག་རིང་ལུང་ཁུག་གི་གྲོང་ཚོ་ཞིག་རེད། གྲོང་མི་ཚོས་ས་ཞིང་རྨོ་བ་དང་། ཕྱུགས་འཚོ་བ། ཕྱིར་གླ་པ་རྒྱུག་ནས་འཚོ་ཐབས་བྱེད་ཀྱི་ཡོད། ཁེས་གྱམ་དབུལ་སྐྱོར་གྲོང་ཚོའི་དངུལ་བུན་གཡར་བའི་དགོས་མཁོ་གསལ་རྟོགས་བྱ་ཆེད། འཛུགས་སྐྲུན་དངུལ་ཁང་གཅན་ཚ་ཉིང་ལག་དངུལ་ཁང་གིས་ཁ་གཏད་དབུལ་སྐྱོར་ས་ཚིགས་ཀྱི་རོགས་སྐྱོར་ལམ་སྲོལ་ལ་བརྟེན་ནས་དངུལ་ཁང་གིས་མངགས་པའི་གྲོང་སྡོད་ལས་བྱེད་པ་དང་འབྲེལ་གཏུགས་བྱས་ཏེ་མཐིལ་རྟོགས་ཞིབ་བཤེར་དང་སྲིད་ཇུས་དྲིལ་བསྒྲགས་བྱེད་པའི་ལས་དོན་སྤེལ་ཡོད། དངུལ་ཁང་གི་ཅིང་ལིས་དུད་ཚང་དབུལ་པོའི་ཁྱིམ་དུ་བསྐྱོད་དེ་ངོ་འཕྲད་གླེང་མོལ་བྱེད་པ་དང་གྲོང་ཚོ་ཨུ་ལྷན་ཚན་ཁག་གི་ཁོངས་མི་དང་ངོ་འཕྲད་གླེང་མོལ་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། དུད་ཚང་དབུལ་པོའི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་དང་དངུལ་བུན་གཡར་བའི་དགོས་མཁོ་ཤེས་རྟོགས་ཐུབ་པ་བྱས་ཡོད། དུད་ཚང་དབུལ་པོའི་གཞི་རྩའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་རྗེས་དུད་ཚང་དབུལ་པོ་བྱང་ཆུབ་ཀྱི་གཏོང་ཡོང་གི་གནས་ཚུལ་དབྱེ་ཞིབ་བྱས་པ་དང་བུ་ལོན་འཇལ་བའི་ནུས་པར་དཔྱད་དཔོག་བྱས་ཐོག་ས་གནས་ས་ཐོག་ཏུ་ཚོང་ཁང་གཉེར་སྐྱོང་བྱ་ཡུལ་དང་འཚོ་སྡོད་ཁོར་ཡུག་ལ་ཉམས་ཞིབ་བྱས་ནས་ཐོན་སྐྱེད་གཉེར་སྐྱོང་དུས་འཁོར་ལ་གཞིགས་ཏེ་ཕྱོགས་བསྡུས་རེ་ཞུ་བྱས་པ་དང་དངུལ་བུན་གཏོང་བའི་དངུལ་འབོར་དང་། དངུལ་བུན་གཡར་བའི་དུས་ཚད། དངུལ་བུན་འཇལ་ཐབས་བཅས་ལུཌ་མཐུན་ངང་གཏན་འཁེལ་བྱས་པས། མཐར་ཡིད་རྟོན་དངུལ་བུན་ནུས་ལྡན་ངང་བཏང་ནས་འཛུགས་སྐྲུན་དངུལ་ཁང་གཅན་ཚ་ཉིང་ལག་དངུལ་ཁང་གི་དབུལ་སྐྱོར་ཐད་མི་སྒེར་གྱི་དངུལ་བུན་གཏོང་བའི་ཁྱབ་ཁོངས་ཀྱི་སྟོང་ཆ་བསྐངས་པ་རེད།

ལས་སྒོ་དེ་ཚད་བརྒལ་ཐུབ་པ་དེས་འཛུགས་སྐྲུན་དངུལ་ཁང་གཅན་ཚ་ཉིང་ལག་དངུལ་ཁང་གི་གོམ་སྟབས་རྗེས་མའི་གནད་སྨིན་དབུལ་སྐྱོར་གྱི་དངུལ་རྩས་དབུལ་སྐྱོར་ལ་རྒྱབ་སྐྱོར་བྱེད་པའི་ལས་དོན་ལ་རྨང་གཞི་བརྟན་པོ་བཏིང་བ་དང་འཛུགས་སྐྲུན་དངུལ་ཁང་གཅན་ཚ་ཉིང་ལག་དངུལ་ཁང་གིས་གནད་སྨིན་དབུལ་སྐྱོར་དང་དབུལ་སྒྲོལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པའང་མཚོན་ཡོད། སླད་ཕྱིན་འཛུགས་སྐྲུན་དངུལ་ཁང་གིས་ད་ཐེངས་ཀྱི་ཚད་བརྒལ་གོ་སྐབས་སུ་བྱས་ཏེ་དངུལ་རྩར་བརྟེན་ནས་དབུལ་སྒྲོལ་ལ་རྒྱབ་སྐྱོར་བྱེད་པའི་ལས་དོན་དེ་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་གནད་སྨིན་དབུལ་སྒྲོལ་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུ་དང་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ཧུར་ཐག་བསྒྲུབ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།