མཚོ་སྔོན་ཞིང་ཆེན་དམངས་གཉེར་ཁེ་ལས་ཀྱི་གནད་ཕིགས་དབུལ་སྐྱོར་འགུལ་སྐྱོད་ཀྱི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་ཁེ་ལས་ཀྱི་ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱ་དང་ཁེ་ལས་བརྒྱ་ཡིས་ཁྱིམ་ཚང་བརྒྱ་ལ་རོགས་བྱེད་པའི་གནད་ཕིགས་དབུལ་སྐྱོར་འགུལ་སྐྱོད་ཀྱི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ2018ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་ཟི་ལིང་ནས་ཚོགས། དམངས་གཉེར་ཁེ་ལས་ཀྱི་འཐུས་ཚབ་པ་བརྒྱད་ཀྱིས་སྙན་ཞུ་ཕུལ་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོང་ཡུང་ཚོགས་འདུར་ཞུགས།

སྙན་ཞུ་ཚོགས་འདུའི་སྟེང་། ཧྲའོ་ཡུང་དང་པའོ་ཝུའུ་ཀྲང་། ཚའེ་ཡོའུ་ཕུན་སོགས་འཐུས་ཚབ་པ་བརྒྱད་ཀྱིས་བརྩེ་སེམས་ཟབ་མོ་དང་བབ་ཆགས་པའི་སྐད་ཆ། དཔེ་གཞི་དངོས་ལ་བརྟེན་ནས་ཕྱོགས་ངོས་མི་འདྲ་བ་དང་ཟུར་སྣེ་མི་འདྲ་ས་ནས2016ལོའི་ཚུན་གྱི་སྔོན་ཐོན་དབུལ་སྐྱོར་བྱས་རྗེས་ངོ་སྤྲོད་བྱས་ཏེ། དམངས་གཉེར་ཁེ་ལས་དང་ཚོང་ཚོགས་རྩ་འཛུགས་བརྒྱ་གཉིས་ཀྱི་གནད་ཕིགས་དབུལ་སྐྱོར་འགུལ་སྐྱོད་ཁྲོད་ཞུགས་ནས་འབད་འཐབ་ལྷོད་མེད་བྱས་པའི་སྣང་ཚུལ་འགྲེམ་སྟོན་བྱས་པ་དང་། དེའི་ཐད་ནས་བླངས་པའི་གྲུབ་འབྲས་བཟང་བོ་དང་ཉམས་མྱོང་རྩ་ཆེན་ངོ་སྤྲོད་བྱས་པ་མ་ཟད། དུས་རབས་གསར་བའི་དམངས་གཉེར་ཁེ་ལས་པའི་སྤྱི་ཚོགས་འགན་འཁྲི་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་བ་ཟབ་མོ་བརྒྱུད་བསྒྲགས་བྱས།

2018ལོའི་ལོ་མཇུག་བར་དུ། མཚོ་སྔོན་ཞིང་ཆེན་གྱི་བརྒྱ་གཉིས་ཀྱི་གནད་ཕིགས་དབུལ་སྐྱོར་འགུལ་སྐྱོད་ཁྲོད་ཞུགས་པའི་དམངས་གཉེར་ཁེ་ལས་དང་ཚོང་ལས་མཐུན་ཚོགས་བསྡོམས་པས་དྲུག་བརྒྱ་དང་ང་གཉིས་ཡོད་པ་དང་། དབུལ་ཕོངས་སྡེ་བ་སྟོང་གཅིག་དང་བཞི་བརྒྱ་སུམ་ཅུ་དང་དབུལ་ཕོངས་མི་གྲངས་འབུམ་གཅིག་དང་ཁྲི་བཞི་སྟོང་དགུ་ལ་རོགས་སྐྱོར་བྱས་ལ། ཐོན་ལས་དང་ལས་ཞུགས། སྤྱི་ཕན་སོགས་ཕྱོགས་སུ་མ་དངུལ་སྒོར་དུང་ཕྱུར་དགུ་ཙམ་བཏང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།