ཀྲང་ཧྲིག་ཁྲིན་གྱིས་རྩེ་ཁོག་རྫོང་དང་ཧི་ནན་རྫོང་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ།  མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།  ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཀྲང་ཧྲིག་ཁྲིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དང་ཧི་ནན་སོག་རིགས་རང་སྐྱོང་རྫོང་དུ་སོང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་དགོས་པའི་སྐོར་གྱི་བླང་བྱ་གལ་ཆེན་ལག་བསྟར་དངོས་འབེབས་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས།   ཀྲང་ཧྲིག་ཁྲིན་གྱིས་ཡུལ་དངོས་ནས་ལྟ་ཞིབ་བྱས་རྗེས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ།   རྫོང་གཉིས་ཀྱི་བྱ་བའི་སྙན་ཞུར་ཉན་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་དང་། གནས་པའི་དཀའ་གནད་དང་གནད་དོན་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་།   ཀྲུང་དབྱང་དང་ཞིང་ཆེན།  ཁུལ་བཅས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཞིབ་བཤེར་ཚན་ཆུང་གིས་བཏོན་པའི་གནད་དོན་དག་ཐེར་ལེགས་བཅོས་གནས་ཚུལ་ཞིབ་བསྡུར་བྱས་པར་མ་ཟད།   གོ་རིམ་རྗེས་མའི་བྱ་བར་བླང་བྱ་བཏོན།

ཀྲང་ཧྲིག་ཁྲིན་གྱིས་བསྟན་དོན།  རྩེ་ཁོག་རྫོང་དང་ཧི་ནན་རྫོང་གིས་ཐོག་མཐའ་བར་གསུམ་ཀུན་ཏུ་སྲུང་སྐྱོབ་བྱེད་དགོས་པ་གཉིས་ལ་སྲུང་སྐྱོབ་བཟང་བོ་བྱས་པ་དང་།  འདུ་ཤེས་བཞི་བརྟན་པོར་བཙུགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་བཟང་བོ་བྱས་པ་དང་།  ལྷག་པར་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་དགོས་པའི་སྐོར་གྱི་བླང་བྱ་གལ་ཆེན་ལག་བསྟར་དངོས་འབེབས་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་སྔོན་དུ་འགྲོ་བའི་འདུ་ཤེས་རྒྱུན་འཁྱོངས་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་མཐུན་སྦྱོར་སྒོས་སྐུལ་འདེད་བཏང་བ་དང་།   སྐྱེ་ཁམས་སྔོན་དུ་འགྲོ་བ་དང་འཕེལ་རྒྱས་དང་པོ་ཡིན་པའི་གནད་འགག་གཉིས་ཁོང་དུ་ཆུད་པར་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་དམ་འཛིན་བྱས་པས་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་བཟང་དུ་སོང་བ་དང་ལེགས་བཅོས་ཆེན་པོ་བྱས་ཡོད་ཟེར།

ཀྲང་ཧྲིག་ཁྲིན་གྱིས་ནན་གྱིས་བསྟན་དོན།   རྩེ་ཁོག་རྫོང་དང་ཧི་ནན་རྫོང་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མུ་མཐུད་དུ་ལག་བསྟར་དངོས་འབེབས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་སྐུལ་འདེད་གཏོང་དགོས་པའི་སྐོར་གྱི་བླང་བྱ་གལ་ཆེན་དེ་བྱ་བ་སོ་སོའི་ཁྲོད་དངོས་འབེབས་དོན་འཁྱོལ་བྱེད་དགོས་པ་དང་།   ཆབ་སྲིད་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས།  སྲུང་སྐྱོབ་འདུ་ཤེས།  འཕེལ་རྒྱས་འདུ་ཤེས་དང་དམངས་ཚིས་འདུ་ཤེས་སོགས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།