མཚོ་སྔོན་དམངས་སྤྱོད་མཁའ་འགྲུལ་གྱི་ལོའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི700ལས་ཐོག་མར་བརྒལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ནུབ་རྒྱུད་གནམ་ཐང་ཚོགས་པ་མཚོ་སྔོན་གནམ་ཐང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་གྱི་གཞི་རྩའི་མཁའ་འགྲུལ་ཞབས་ཞུའི་འཆར་གཞིའི་ཚོད་ལྟའི་ས་ཚིགས་ཐོག་མ་ཡིན་པའི་ཆ་ནས་ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་མང་པོའི་སྲིད་ཇུས་རང་བཞིན་གྱི་ཁ་གསབ་བརྒྱུད་དུས་གཏན་གནམ་གྲུའི་སྤ་སེའི་རིན་གོང་གཅོག་པ་སོགས་ཀྱི་བྱེད་ཐབས་སྤྱད་པས། འདི་ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི700ལས་ཐོག་མར་བརྒལ་ཡོད་པ་རེད།

འབྲོག་པ་དེ་བས་མང་བས་མཁའ་འགྲིམ་གྱི་སྟབས་བདེ་ལོངས་སྤྱོད་ཐུབ་ཆེད། 2014ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས“གོང་ཁེ་སྟབས་བདེའི་མཁའ་འགྲུལ”གྱི་བྱ་ཐབས་ཚོད་ལྟ་ཧུར་ཐག་བྱས་ཏེ་ཕྱོགས་མང་པོའི་སྲིད་ཇུས་རང་བཞིན་གྱི་ཁ་གསབ་བརྒྱུད་སྤ་སེའི་རིན་གོང་དམའ་རུ་ཧུར་ཐག་བཏང་ཡོད། འདི་ལོའི་ལོ་འགོར་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་མཚོ་སྔོན་ཞིང་ཆེན་རྒྱལ་ཡོངས་ཀྱི་གཞི་རྩའི་མཁའ་འགྲུལ་ཞབས་ཞུའི་འཆར་གཞིའི་ཚོད་ལྟའི་ས་ཚིགས་ཐོག་མར་བརྩིས་ཏེ་ཁ་གསབ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བས། ཞིང་ཆེན་དེའི་ཞིང་ཆེན་ནང་ཁུལ་གྱི་འཕུར་ལམ་ཁག་གཅིག་གི་ལམ་ཐག་རྐྱང་པའི་གྲོན་དངུལ་དུས་ཡུན་རིང་པོ་སྒོར150ཙམ་བརྟན་པོ་བྱུང་བ་དང་མཁའ་ལམ་ཁ་ཤས་ཀྱི་སྤ་སེའི་རིན་གོང་དམའ་ཤོས་སྒོར་50ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོ་ནས་བཟུང་། མཚོ་སྔོན་དམངས་སྤྱོད་མཁའ་འགྲུལ་གྱིས་ལོ་གསུམ་བསྟུད་མར་ལོ་ལྟར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཁྲི100མགྱོགས་མྱུར་འཕར་རྒྱུ་མངོན་འགྱུར་བྱུང་ཞིང་། ཟླ12ཚེས20ཉིན་བར་མཚོ་སྔོན་ཞིང་ཆེན་གྱི་ལོ་དེའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི700ལས་ཐོག་མར་བརྒལ་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།