ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་རྒྱ་བསྐྱེད་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ནས།   ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།  ལག་བསྟར་དངོས་འབེབས་བྱེད་པའི་བྱ་བའི་ཐད་ནས་བཀོད་སྒྲིག་བྱས།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཧྲིན་ཀྲང་ལིག་ཉིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཁི་ཆང་གི་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས།

གྲོས་ཚོགས་སྟེང་བསྟན་དོན།  ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་།   ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན།   བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པ།   འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ།   ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་འགོ་རྩོམ་པ་བཅས་ཀྱི་དུས་སྐབས་སུ་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་མིག་སྔའི་རྒྱལ་ནང་དང་རྒྱལ་སྤྱིའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱས་ཡོད་པ་དང་།  རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་སྐབས་ལ་མ་ལག་ལྡན་པའི་སྒོ་ནས་འགྲེལ་བརྗོད་དང་།   སང་ལོའི་དཔལ་འབྱོར་བྱ་བའི་སྤྱིའི་བླང་བྱ་དང་དམིགས་འབེན་གཙོ་བོ།  སྲིད་ཇུས་ཁ་ཕྱོགས།  ལས་འགན་གཙོ་བོ་བཅས་གསལ་བོར་བཏོན་ཡོད་པས།  ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོར་བསྟན་ཡོད་པ་དང་།  གཞི་འཛིན་ས་འདོན་སྤྲོད་བྱས་ཡོད།    ཙུས་ལི་ལིས་ཁི་ཆང་གི་གསུང་བཤད་ཀྱིས་ད་ལོའི་དཔལ་འབྱོར་བྱ་བར་ཕྱིར་དྲན་དང་སྤྱི་སྡོམ་བྱས་ཡོད་པ་དང་།  སང་ལོའི་དཔལ་འབྱོར་བྱ་བར་བཀོད་སྒྲིག་བྱས་པས།  དམིགས་སའི་རང་བཞིན་དང་མཛུབ་སྟོན་རང་བཞིན།   བཀོལ་སྤྱོད་རང་བཞིན་བཅས་དྲག་པོ་ལྡན།   ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཏེ།   ཏང་ཀྲུང་དབྱང་གི་མིག་སྔའི་རྣམ་པའི་འོག་གི་ཚན་རིག་གི་བརྡར་གཅོད་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་།  སང་ལོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱར་རྒྱུས་ལོན་ཡང་དག་བྱེད་པ།   སང་ལོའི་སྤྱི་ཁོག་དཔལ་འབྱོར་གྱི་སྲིད་ཇུས་ཁ་ཕྱོགས་ལ་རྒྱུས་ལོན་ཡང་དག་བྱེད་པ།    སང་ལོའི་དཔལ་འབྱོར་བྱ་བའི་ལས་འགན་གཙོ་བོར་རྒྱུས་ལོན་ཡང་དག་བྱེད་པ།  བསམ་བློ་དང་ཐུན་མོང་གི་འདུ་ཤེས་གཅིག་བསྡུས་བྱེད་པ་བཅས་བྱས་ཏེ་གསར་གཏོད་རབ་བཞིན་ལྡན་པའི་སྒོ་ནས་ཏང་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་དང་བྱ་བའི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་དགོས་ཟེར།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།    ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་དངོས་འབེབས་བྱེད་རྒྱུ་དེ་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་བསམ་ཕྱོགས་ཇེ་གསལ་དུ་གཏོང་བ་དང་དམིགས་འབེན་གཏན་ཁེལ་བྱེད་པ།   བྱེད་ཐབས་ནུས་ལྡན་སྤྱོད་དགོས།    གཅིག་ནས་ཁ་ཕྱོགས་གཏན་ཁེལ་གསལ་བོ་བྱེད་དགོས།   གཉིས་ནས་གཙོ་གནད་དམ་འཛིན་བྱེད་དགོས། གསུམ་ནས་སྲིད་ཇུས་ལག་བསྟར་བྱེད་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།   ཏང་གིས་དཔལ་འབྱོར་བྱ་བར་འགོ་ཁྲིད་བྱེད་པར་ཤུགས་སྣོན་དགོས།   རིམ་པ་སོ་སོའི་ཏང་ཨུས་འདུ་ཤེས་བཞི་བརྟན་པོར་འཛུགས་པ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ།   སྲུང་སྐྱོབ་བྱེད་དགོས་པ་གཉིས་ལ་སྲུང་སྐྱོབ་བཟང་བོ་བྱེད་དགོས།  སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་བསྣན་ནས་རྙོག་འཛིང་གི་རྣམ་པ་བསྒྱུར་བ་དང་རྙོག་འཛིང་གི་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་སྟེ།     གྲུབ་འབྲས་བཟང་བོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་དགའ་བསུ་ཞུ་དགོས་ཟེར།

གྲོས་ཚོགས་སྟེང་ད་ལོའི་ལོ་མཇུག་དང་སང་ལོའི་ལོ་འགོའི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་བཀོད་སྒྲིག་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།