མཚོ་སྔོན་ཞིང་ཆེན་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་རྒྱ་སྐྱེད་གྲོས་ཚོགས་དང་ཡན་ལག་ཏང་ཙུའུ་ཡི་གྲོས་ཚོགས་ཐེངས་དང་པོ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་རྒྱ་སྐྱེད་གྲོས་ཚོགས་དང་ཡན་ལག་ཏང་ཙུའུ་ཡི་གྲོས་ཚོགས་ཐེངས་དང་པོ་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཚོགས་འདུ་ལས་རྒྱལ་ཡོངས་སྲིད་གྲོས་དང་ས་གནས་སྲིད་གྲོས་ཀྱི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་བྱ་བའི་བགྲོ་གླེང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་ཞིང་ཆེན་སྲིད་གྲོས་ཀྱི་སྡེ་ཁག་སོ་སོའི་ཡན་ལག་ཏང་ཙུའུ་ཁོངས་མིའི་མིང་ཐོ་དཔར་འགྲེམ་བྱེད་པའི་བརྡ་སྦྱོར་དང་། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་ཀྲུང་གུང་སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཡན་ལག་ཏང་ཙུའུ་ཡི་བྱ་བའི་སྒྲིག་སྲོལ་དཔར་འགྲེམ་བྱེད་པའི་བརྡ་སྦྱོར། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་སྲིད་གྲོས་དྲིལ་སྒྲོག་བྱ་བར་དངོས་སུ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་བརྡ་སྦྱོར། ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཁང་གིས་སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་འགན་ནུས་དཔྱད་ཞིབ་བྱེད་ཐབས་ཚོད་ལྟའི་ལག་བསྟར་བྱེད་པའི་བརྡ་སྦྱོར་བཅས་ཡིག་ངོས་ནས་བརྒྱུད་བསྒྲགས་བྱས་ལ། ཞིང་ཆེན་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་བཅོ་བརྒྱད་ལོའི་བྱ་བའི་སྤྱི་བསྡོམས་དང་ཉིས་སྟོང་བཅུ་དགུ་ལོའི་བྱ་བའི་འཆར་གཞི་ལ་གྲོས་ཞིབ་བྱས་པ་དང་། ཞིང་ཆེན་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་བཅོ་བརྒྱད་ལོའི་ཚོགས་ཆེན་གཏམ་བཤད་དང་སྤྱི་ཚུལ་དམངས་འདོད་དང་གྲོས་འདོན་བྱ་བའི་གནས་ཚུལ་ཡིག་ངོས་ནས་བསྒྲགས། 

ཏུའུ་ཅེ་ཡིས་སང་ལོའི་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཐད་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་བྱ་བར་བཏོན་པའི་མཛུབ་སྟོན་དང་བླང་བྱ་གསར་པ་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་། བསམ་བློའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ནས། འགན་ནུས་ལག་བསྟར་ལ་མཛུབ་སྟོན་བྱེད་པ་དང་སྐུལ་འདེད་གཏོང་དགོས། ཏང་གིས་ཨུ་ཡོན་ལྷན་ཁང་གི་བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་བསྣན་ནས། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་བཀོད་སྒྲིག་དངོས་འབེབ་བཟང་པོ་བྱེད་དགོས་པ་དང་། ཨུ་ཡོན་ལྷན་ཁང་གི་ཡན་ལག་ཏང་ཙུའུ་ཡིས་འགན་ནུས་འདོན་སྤེལ་གང་ལེགས་བྱེད་དགོས། ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཀྱི་གཅིག་བསྡུས་འགོ་ཁྲིད་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་བཏང་ནས། ཨུ་ཡོན་ལྷན་ཁང་གི་བྱ་བ་བཟང་པོར་བསྒྲུབ་དགོས། འགན་ནུས་ལག་བསྟར་བྱེད་པའི་གོ་རིམ་ཁྲོད་དུ་སྲིད་གྲོས་ཀྱི་བྱེད་ནུས་དང་སྟོབས་ཤུགས་གང་ཡོད་བཏོན་ནས་བྱས་རྗེས་འཇོག་དགོས་པ་མ་ཟད། སྲིད་གླེང་གྲོས་འདོན་གྱི་སྤུས་ཀ་ཇེ་ལེགས་སུ་བཏང་ནས། ལས་འགན་ལག་བསྟར་བྱེད་པའི་བྱ་བའི་ལས་ཆོད་ཇེ་ལེགས་སུ་གཏོང་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།