མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་རིམ་པའི་གཞུང་བཙུགས་སྨན་ཁང་གིས་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་ལ་སྨན་བཅོས་ཁ་གཏད་རོགས་སྐྱོར་བྱེད་པའི་སྐུལ་སློང་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཟི་ལིང་ནས། ཞིང་ཆེན་རིམ་པའི་གཞུང་བཙུགས་སྨན་ཁང་གིས་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་ལ་སྨན་བཅོས་ཁ་གཏད་རོགས་སྐྱོར་བྱེད་པའི་སྐུལ་སློང་གྲོས་ཚོགས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་། ཧྲིན་ཀྲང་ལིག་ཉིང་གིས་ཞིང་ཆེན་རིམ་པའི་གཞུང་བཙུགས་སྨན་ཁང་གིས་མཚོ་སྔོན་ལྷོ་རྒྱུད་ལ་སྨན་བཅོས་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བར་བླང་བྱ་བཏོན་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་ཚོགས་འདུར་ཞུགས་ནས་གཏམ་བཤད། 

གྲོས་ཚོགས་ལས་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་གི་བྱ་བའི་བླང་བྱ་བརྒྱུད་བསྒྲགས་དང་དེར་སློབ་སྦྱོང་བྱས་པར་མ་ཟད། སྨན་བཅོས་རོགས་སྐྱོར་ཚོགས་པའི་རུ་དཔོན་ལ་འགན་དབང་དར་ཆ་སྤྲད། ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་སྒྲིག་གཞི་སྒྲིག་ལུགས་གཞུང་སྒྲུབ་ཁང་། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་སྲིད་གཞུང་དང་འབྲེལ་ཡོད་རྫོང་སྲིད་གཞུང་གི་འགན་ཁུར་བློ་མཐུན། ཁུལ་དང་རྫོང་གི་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་བྱ་བའི་སྡེ་ཁག་གི་འགན་ཁུར་བློ་མཐུན། ཞིང་ཆེན་རིམ་པའི་གཞུང་བཙུགས་སྨན་ཁང་དང་རོགས་སྐྱོར་བྱེད་ཡུལ་གྱི་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་གི་འགན་ཁུར་བློ་མཐུན། རོགས་སྐྱོར་ཚོགས་པའི་མི་སྣ་ཡོངས་བཅས་ཐེངས་འདིའི་ཚོགས་འདུར་ཞུགས། 

ཝང་ཅན་ཅུན་གྱིས་སྨན་བཅོས་ཁ་གཏད་རོགས་སྐྱོར་ཚོགས་པའི་མི་སྣ་ཡོངས་ལ་འཚམས་འདྲི་དང་སྨོན་འདུན་ཞུས། ཁོས་བསྟན་དོན། ཞིང་ཆེན་རིམ་པའི་གཞུང་བཙུགས་སྨན་ཁང་གིས་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་ལ་སྨན་བཅོས་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་གྱིས། རོགས་སྐྱོར་བྱེད་ཡུལ་གྱི་རིགས་སོ་སོའི་མང་ཚོགས་ལ་བདེ་སྐྱིད་ཀྱི་ཚོར་བ་དང་བདེ་འཇགས་ཀྱི་ཚོར་བ་ཆེན་པོ་བསྩལ་ཡོད། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྨན་བཅོས་འཕྲོད་བསྟེན་བྱ་བའི་མཛུབ་སྟོན་གལ་ཆེན་དང་། ཏང་གི་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་སྐོར་གྱི་བྱེད་ཕྱོགས་ལག་བསྟར་ནན་མོ་བྱས་ཏེ། གཞི་རིམ་གཙོ་གནད་དུ་བཟུང་བར་བརྟེན་ནས། ཤུགས་ཆེན་པོས་སྨན་བཅོས་ཁ་གཏད་རོགས་སྐྱོར་ལས་དོན་ལ་རྒྱབ་སྐྱོར་བྱ་དགོས། ཕན་འབྲས་ལྡན་ལ་ཡུན་རིང་གི་དོན་སྙིང་ལྡན་པའི་ལམ་ལུགས་འཐུས་སྒོ་ཚང་བ་ཞིག་བཙུགས་ནས། སྨན་བཅོས་ཁ་གཏད་རོགས་སྐྱོར་བྱ་བ་དངོས་འབེབས་མཐར་ཕྱིན་བྱ་དགོས་ཟེར།

ལིག་ཉིང་གིས་བསྟན་དོན། བདེ་ཐང་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་འཚོལ་སྙེག་ཡིན། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་སྨན་བཅོས་དང་འཕྲོད་བསྟེན་ལས་དོན་གྱི་འཕེལ་རྒྱས་རྨང་གཞི་ཅུང་ཞན་པ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་སྨན་བཅོས་དང་འཕྲོད་བསྟེན་གྱི་ཞབས་ཞུ་འདྲ་མཉམ་དྲང་གཞག་གིས་མྱོང་བར་རེ་ལྟོས་ཆེན་པོ་བྱེད་ཀྱིན་ཡོད། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་ལ་སྨན་བཅོས་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་གཏིང་ཟབ་ཏུ་སྤེལ་བ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པའི་ལག་ལེན་གསོན་པོ་ཡིན་ལ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་དམིགས་འབེན་ལག་བསྟར་བྱེད་པའི་འོས་འགན་གཙོ་བོ་ཡང་ཡིན། དེ་མིན་ད་དུང་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་དང་འཕྲོད་བསྟེན་ཞབས་ཞུ་དོ་མི་མཉམ་པ་དང་། འདང་ངེས་ཡིན་པའི་འགལ་བ་སེལ་ཐབས་ཀྱི་བྱེད་ཕྱོགས་ཀྱང་ཡིན། འབྲེལ་ཡོད་ས་གནས་ཏང་ཨུ་དང་སྲིད་གཞུང་། ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག ཞིང་ཆེན་རིམ་པའི་གཞུང་བཙུགས་སྨན་ཁང་བཅས་ཀྱིས་སྨན་བཅོས་ཁ་གཏད་རོགས་སྐྱོར་ལ་མཐོང་ཆེན་བླ་མེད་བྱས་ནས། རོགས་སྐྱོར་ཚོགས་པ་གཅིག་མངགས་ན་འཇོན་ཐང་མི་སྣ་སྐོར་ཞིག་གསོ་སྐྱོང་བྱེད་པ་དང་། གཞི་རིམ་གྱི་སྨན་ཁང་ལ་སྣེ་ཁྲིད་ལེགས་པོ་བྱས་ནས། ས་གནས་མང་ཚོགས་ལ་ཞབས་འདེགས་ཡིད་ཚིམ་པ་བྱེད་ཐུབ་པའི་དམིགས་འབེན་བླང་བྱ་ལྟར་དུ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དང་བྱ་བའི་བྱེད་ཕྱོགས་འཐུས་ཚང་དུ་གཏོང་བ། སྨན་བཅོས་ཁ་གཏད་རོགས་སྐྱོར་ཚོགས་པའི་ཁོངས་མི་ཡོངས་ལ་སེམས་ཁུར་དང་བྱམས་སྐྱོང་གནང་བ་བཅས་ལ་འབད་མཐར། མཚོ་སྔོན་ལྷོ་རྒྱུད་ལ་སྨན་བཅོས་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་བར་འགན་སྲུང་སྟོབས་དང་ལྡན་པ་ཞིག་འདོན་སྤྲོད་བྱ་དགོས་ཟེར།

ཝང་ཡུས་པོ་ཡིས་གཏམ་བཤད་སྐབས་བསྟན་དོན། སྨན་བཅོས་ཁ་གཏད་རོགས་སྐྱོར་ལས་དོན་ནི་མི་དམངས་ལ་ཞབས་འདེགས་ཞུ་མཁན་གྱི་རུ་ཁག་ཡིན་པས། དགོངས་དོན་འདུ་ཤེས་ལག་བསྟར་དང་མི་དམངས་ཀྱི་བདེ་ཐང་ལ་འགན་སྲུང་བྱེད་པ། ནད་པ་བྱམས་པས་སྐྱོང་བ། ཁག་ཁུར་གྱི་འདུ་ཤེས་འཛིན་པར་འབད་དགོས། འབྲེལ་ཡོད་ས་གནས་དང་ལས་ཁུངས་ཀྱིས་འགན་འཁྲི་དངོས་འབེབས་དོན་འཁྱོལ་བྱེད་པ་དང་དཔྱད་ཞིབ་དཔྱད་འཇོག་ལ་ཤུགས་སྣོན་པ། འགན་སྲུང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་བཅས་ལ་འབད་དེ། མཚོ་སྔོན་ལྷོ་རྒྱུད་ལ་སྨན་བཅོས་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་ལམ་ལུགས་ཅན་དང་འཐུས་ཚང་ཅན། ཡུན་རིང་ཅན་བཅས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།