ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
གྲོས་ཚོགས་སྟེང་། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་དང་རྒྱས་བཤད་གལ་ཆེན་གྱི་བགྲོ་གླེང་ཚོགས་འདུའི་སྟེང་གི་གསུངས་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཁྲོད་བཞི་ཅན་གཅིག་གི་བྱ་འགུལ་སྤེལ་བའི་སྐོར་གྱི་ལག་བསྟར་བསམ་འཆར་དང་། སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགན་ནུས་དཔྱད་ཞིབ་བྱེད་ཐབས་ཀྱི་ཚོད་ལྟའི་ལག་ལེན་སོགས་བརྒྱུད་བསྒྲགས་བྱས།
རིན་ཆེན་རྣམ་རྒྱལ་གྱིས་བསྟན་དོན། ལོ་གཅིག་གི་རིང་ལ། མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བ་གཙོ་བོར་དམིགས་ནས་བཅོས་སྒྱུར་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་པ་དང་། མི་རིགས་དང་ཆོས་ལུགས་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་ཁྲིད་ཕྱོགས་སུ་བྱས་ཏེ་གཙོ་གནད་དང་དཀའ་གནད་བཙལ་ལ། རྟོབ་ཞིབ་དང་གྲོས་མོལ་སྲིད་གླེང་བྱ་བ་ཧུར་ཐག་གིས་སྤེལ་ཏེ་བྱ་བ་འབོར་ཆེན་བསྒྲུབས་པ་དང་གྲུབ་འབྲས་མངོན་གསལ་བླངས་ཟེར།
རིན་ཆེན་རྣམ་རྒྱལ་གྱིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ཞིང་ཆེན་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་བྱ་བར་སྔར་ལས་ཤུགས་སྣོན་དགོས་ཏེ། གཅིག་ནས་བསམ་བློར་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ཏེ་བསམ་བློ་ཆབ་སྲིད་ལས་གནས་མཐོར་འདེགས་གཏོང་དགོས། གཉིས་ནས་འགན་ཁུར་ཇེ་དྲག་ཏུ་བཏང་སྟེ་ཨུ་ཡོན་གྱི་བྱེད་ནུས་གཙོ་བོ་འདོན་སྤེལ་བྱེད་དགོས། གསུམ་ནས་མི་རིགས་དང་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཏང་འཛུགས་ལ་ཤུགས་བསྣན་ནས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞི་རང་བཞིན་གྱི་བྱེད་ནུས་འདོན་སྤེལ་བྱེད་དགོས། སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་བྱ་བ་སོ་སོ་དམ་འཛིན་གྱིས་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འགྲིག་མཐུན། སྤྱི་ཚོགས་འཆམ་མཐུན། དཔལ་འབྱོར་འཕེལ་རྒྱས་བཅས་ལ་སྲུང་སྐྱོབ་བྱས་ཏེ་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་མངོན་འགྱུར་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུ་པར་བྱེད་པར་བྱས་རྗེས་འཇོག་དགོས་ཟེར། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་བསྡུས།