ཝང་ཅན་ཅུན་དང་ལིག་ཉིང་གཉིས་ཆེད་དུ་མཚོ་ནུབ་ཁུལ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་མུ་རི་གཏེར་ཁུལ་དུ་སོང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་སྔར་ལས་དངོས་འབེབ་དང་། མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་ཕྱོགས

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་བདུན་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གཉིས་ཆེད་དུ་མཚོ་ནུབ་ཁུལ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་མུ་རི་གཏེར་ཁུལ་དུ་སོང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་སྔར་ལས་དངོས་འབེབ་དང་། མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་ཕྱོགས་བསྡུས་བཅོས་སྐྱོང་ཐད་ཀྱི་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་མཐིལ་ཕྱིན་དང་། ཆབ་སྲིད་ལངས་གནས་མཐོར་འདེགས་བཏང་ནས། འདུ་ཤེས་བཞི་ལ་སྔར་ལས་ཤུགས་སྣོན་པ་དང་། རྒྱུན་འཁྱོངས་གཉིས་འགྲུབ་པར་བྱེད་དགོས་པ་མ་ཟད། བློ་ཐག་རྦད་ཆོད་སྒོས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁུར་ཐེག་པར་བྱས་ཏེ། ག་དུས་ཡིན་ཡང་རྒྱུ་རྐྱེན་ག་གེ་མོར་ཁ་གཡར་ནས་སྐྱེ་ཁམས་ལ་གཏོར་བརླག་གཏན་ནས་བྱས་མི་ཆོག་ཟེར།

དགུན་གཞུང་གི་མདོ་ལ་རི་བོའི་རྩྭ་ཐང་ནི་དངུལ་དཀར་གྱི་ཁ་བས་གཡོགས་ཤིང་། གྲང་རླུང་གི་རྒྱུ་བ་རུས་པའི་གཏིང་ལ་ཟུག་བར་བྱེད། ཉིན་དེར། ཝང་ཅན་ཅུན་དང་ལིན་ཉིང་གཉིས་ལམ་ཐག་སྤྱི་ལེ་སྟོང་ལ་ཉེ་ཞིང་། མཚོ་ངོས་ལས་མཐོ་ཚད་རྨི་བཞི་སྟོང་ཉིས་བརྒྱ་ཡོད་པའི་མུ་རིའི་གཏེར་ཁུལ་དུ་སོང་། ཡུལ་དངོས་ནས་ཝང་ཅན་ཅུན་དང་ལིག་ཉིང་གཉིས་ཀྱིས་གཏེར་ཁུལ་གྱི་སྐས་ཞིང་ཁྱབ་ཚུལ་དང་སླར་སོས་ཁུལ་ཁོངས་གཉིས་ཀྱི་འདྲ་པར་ཞིབ་བསྡུར་བྱས་པ་དང་། རི་ངོས་ལྗང་སྒྱུར་ཐད་བཏང་བའི་མ་དངུལ་དང་། འདེབས་རྩའི་རིགས་འདེམས་སོགས་ཀྱི་གནས་ཚུལ་ཞིབ་ཏུ་དྲིས། ཉིས་སྟོང་བཅུ་བཞི་ལོའི་ཟླ་བརྒྱད་པ་ནས་བཟུང་། ས་གནས་དང་ཁེ་ལས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཐད་བྱེད་ཐབས་རྒྱ་ཆེར་སྤྱད་དེ། གཏེར་ཁུལ་གྱི་རང་བྱུང་སྐྱེ་ཁམས་ཁོར་ཡུག་ལ་རྩ་བའི་ཆ་ནས་ལེགས་སྒྱུར་བྱས་ཡོད། ཝང་ཅན་ཅུན་དང་ལིག་ཉིང་གཉིས་ཀྱིས་ཁས་ལེན་གང་ལེགས་བྱས། ཁོང་གཉིས་ཀྱིས་བསྟན་དོན། སྐྱེ་ཁམས་བྱེད་ནུས་ནི་གཞན་གྱིས་ཚབ་བྱེད་ཐབས་བྲལ་ལ། བསྐྱར་བཟོ་ཡང་བྱེད་དུ་མེད། རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ཡིད་ལ་བརྟན་པོར་ཆགས་སུ་བཅུག་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་སུ་མ་གཏོགས་ཇེ་སྡུག་དུ་ཕྱིན་མི་ཆོག་པའི་ཚད་མཐའ་དམ་སྲུང་བྱས་ནས། གཏེར་ཁུལ་ས་རྒྱུའི་ཁོར་ཡུག་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོའི་གྲུབ་འབྲས་ཇེ་བརྟན་དུ་བཏང་ནས། རང་བྱུང་ཁམས་ཞི་འཇགས་དང་འཆམ་མཐུན་མཛེས་སྡུག་ཏུ་བསྐྲུན་དགོས་ཟེར།

ཝང་ཅན་ཅུན་དང་ལིག་ཉིང་གཉིས་ཀྱིས་ནན་གྱིས་བསྟན་དོན། ཚན་རིག་འཕེལ་རྒྱས་དང་། ཡུན་བརྟན་འཕེལ་རྒྱས་ནི་ཆེས་ལེགས་པའི་འཕེལ་རྒྱས་ཡིན་པས། སྐྱེ་ཁམས་དང་འཕེལ་རྒྱས་མཉམ་སྐྱོད་བྱས་ཏེ། རང་བྱུང་ལ་བརྩི་བཀུར་དང་རང་བྱུང་གི་ཆོས་ཉིད་དང་བསྟུན་ནས། རང་བྱུང་སྐྱེ་ཁམས་ཁོར་ཡུག་ལ་ལྡབ་འགྱུར་གྱིས་གཅེས་སྤྲས་བྱེད་དགོས། ཁེ་ལས་ཀྱི་ཆེས་ཆེ་བའི་ཕན་འབྲས་ནི་སྐྱེ་ཁམས་ཀྱི་ཕན་འབྲས་ཡིན། སྐྱེ་ཁམས་ཕན་འབྲས་ཡོད་ན་ད་གཟོད་དཔལ་འབྱོར་ཕན་འབྲས་ཡོད། གཏེར་ཁུལ་གྱི་ཁེ་ལས་སོ་སོས་ཆབ་སྲིད་འགན་འཁྲི་དང་སྤྱི་ཚོགས་འགན་འཁྲི་ལ་ཤུགས་བསྣན་ནས། ཕན་ཡོད་ཀྱིས་སྲུང་སྐྱོབ་དང་སླར་གསོ།འདེབས་འཛུགས་བཅས་ལ་སྐུལ་སྤེལ་བྱས་ནས། བཅོས་སྐྱོང་གི་ཕན་འབྲས་ཇེ་བརྟན་དུ་གཏོང་དགོས། འབྲེལ་ཡོད་སྡེ་ཁག་སོ་སོ་དང་ས་གནས་སྲིད་གཞུང་གིས་ཆབ་སྲིད་ཀྱི་འགན་འཁུར་དང་རང་རྟོགས་ཀྱི་འདུ་ཤེས་ལ་ཤུགས་བསྣན་ནས། ས་གཞི་ལ་སྲུང་སྐྱོབ་བྱེད་པའི་འགན་འཁུར་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ལྟ་སྐུལ་ལ་ཤུགས་བསྣན་ནས་མཐའ་གཅིག་ཏུ་རྣམ་པ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་དགོས། ཕྱོགས་བསྡུས་བཅོས་སྐྱོང་དེ་བརྟན་འཇགས་འཕར་སྣོན་དང་རྒྱུན་རྣམ་ཅན་གྱི་དོ་དམ་གྱི་ཕྱོགས་སུ་གོམ་པ་སྤོས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགན་སྲུང་ཐད་བྱས་རྗེས་འཇོག་དགོས་ཟེར།

ཝང་ཡུས་པོ་དང་ལུས་ཚུང་ལི་རྟོག་ཞིབ་ལ་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།