མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་སློབ་སྦྱོང་དང་རིག་གནས་ལོ་རྒྱུས་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་དང་བྱ་བའི་མཉམ་འབྲེལ་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་སློབ་སྦྱོང་དང་རིག་གནས་ལོ་རྒྱུས་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་དང་བྱ་བའི་མཉམ་འབྲེལ་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཏི་ཀྲི་ཡིས་གཏམ་བཤད།

ཚོགས་ཐོག་ནས་ཞིང་ཆེན་སྲིད་གྲོས་ཀྱི་སློབ་སྦྱོང་དང་རིག་གནས་ལོ་རྒྱུས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་བཅོ་བརྒྱད་ལོའི་བྱ་བའི་སྤྱི་སྡོམ་ལ་གྲོས་ཞིབ་བྱས་པ་དང་། ཉིས་སྟོང་བཅུ་དགུ་ལོའི་གནད་སའི་བྱ་བར་བཀོད་སྒྲིག་བྱས་པ་ལས་གཞན། ཞིང་ཆེན་དང་གྲོང་ཁྱེར། ཁུལ་སྲིད་གྲོས་བཅས་ཀྱི་སློབ་སྦྱོང་དང་རིག་གནས་ལོ་རྒྱུས་བྱ་བའི་སྐོར་ནས་བསམ་ཚུལ་བརྗེ་རེས་བྱས། 

ཏུའུ་ཏི་ཀྲི་ཡིས་བསྟན་དོན། ཉིས་སྟོང་བཅོ་བརྒྱད་ལོའི་ཞིང་ཆེན་སྲིད་གྲོས་ཀྱི་སློབ་སྦྱོང་དང་རིག་གནས་ལོ་རྒྱུས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བ་གཙོ་བོ་དང་དམ་དུ་སྦྲེལ་ནས། རྟོག་ཞིབ་དང་ཞིབ་འཇུག་ལས་དོན་འབད་པས་སྤེལ་བར་མ་ཟད། གྲོས་མོལ་སྲིད་གླེང་བྱས་ཏེ། ལྔ་བཞི་འཐབ་ཇུས་གཏིང་ཟབ་ཏུ་སྤེལ་བ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་བློ་འདོན་ཇུས་འབུལ་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཨུ་ཡོན་རྣམས་ཀྱི་ཆབ་སྲིད་གོ་གནས་དང་འགན་སྒྲུབ་ནུས་པ་ཇེ་མཐོར་གཏད་པ་ལས་གཞན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་དཀའ་གནད་དཀྱིལ་སྙིང་དུ་བཟུང་ནས་རིག་གནས་ལོ་རྒྱུས་སྐོར་གྱི་བྱ་བ་སྤེལ་བར་མ་ཟད། ལོ་རྒྱུས་རྒྱུ་ཆ་ཉར་བ་དང་སྲིད་དོན་སྐྱོང་རོགས་བྱེད་པ། མཐུན་སྒྲིལ། མི་སྣ་གསོ་སྐྱོང་བཅས་ཀྱི་སྤྱི་ཚོགས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།