ཀྲང་ལིས་ཀྱིས་གཞི་རིམ་གྱི་གློག་རླབས་འབྲིང་བ་ལས་རླུང་འཕྲིན་གཏོང་བའི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱ་ཆེད་དང་། སྐྱོད་པ་བཞིའི་བླང་བྱ་ལྟར་དུ། ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ལིས་སྟོང་སྐོར་རྫོང་སོགས་སུ་སོང་ནས། གློག་རླབས་འབྲིང་བ་ལས་རླུང་འཕྲིན་གཏོང་བའི་བྱ་བར་རྟོག་ཞིབ་བྱས་ཏེ། ལས་བྱེད་པ་དང་ལས་བཟོ་བའི་བསམ་འཆར་ལ་ཉན་ནས། གནད་དོན་ཐག་གཅོད་པའི་བྱེད་ཐབས་ལ་གྲོས་སྡུར་བྱས། 

ཁོ་མོས་བསྟན་དོན། གློག་རླབས་འབྲིང་བ་ལས་རླུང་འཕྲིན་གཏོང་བའི་ལས་དོན་ནི་རང་རྒྱལ་གྱི་སྨྱན་བྱེད་གཙོ་བོའི་འཁོར་རྒྱུག་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། གློག་རླབས་འབྲིང་བ་ལས་རླུང་འཕྲིན་གཏོང་བའི་བྱ་བར་ཤུགས་སྣོན་རྒྱུ་ནི་ཏང་གི་གསུང་སྐད་བརྒྱུད་སྒྲོག་བྱེད་པ་དང་། ཀུན་གྱིས་ཆ་འཕྲིན་གལ་ཆེན་དང་ལེན་བྱེད་པ་དང་ཐད་ཀར་འབྲེལ་བའི་ལས་སྒོ་གལ་ཆེན་ཞིག་ཡིན་པས། བདེ་འཇགས་ཚད་མཐའ་དམ་སྲུང་བྱས་མཐར། བདེ་འཇགས་ངང་རླུང་འཕྲིན་གཏོང་བར་འགན་ལེན་ཁག་ཐེག་བྱ་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།