མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཁོར་ཡུག་དྲིལ་སྒྲོག་སློབ་གསོའི་བྱ་བར་སྐུལ་འདེད་ཏན་ཏིག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ཆར་འཚོགས་པའི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་དྲིལ་སྒྲོག་སློབ་གསོའི་བྱ་བའི་གྲོས་ཚོགས་སྟེང་ཤེས་གསལ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ་ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོས་ཁོར་ཡུག་སྨྱན་བྱད་གསར་པ་འཛུགས་སྐྲུན་དང་། ཁོར་ཡུག་གསར་འགྱུར་གླེང་ཕྱོགས་སྣེ་ཁྲིད། ཁོར་སྲུང་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། སྐྱེ་ཁམས་ཁོར་ཡུག་དྲིལ་སྒྲོག་སློབ་གསོའི་བྱ་བར་སྐུལ་འདེད་ཏན་ཏིག་བྱས་པར་གྲུབ་འབྲས་ལེགས་པོ་ཐོབ།

སྐྱེ་ཁམས་ཁོར་ཡུག་དྲིལ་སྒྲོག་སློབ་གསོའི་བྱ་བ་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་འཕེལ་རྒྱས་གཏོང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས་སྐྱེ་ཁམས་ཁོར་ཡུག་སྤུས་ཀ་ལེགས་པོར་བསྒྱུར་བའི་སྲོག་ཤིང་ལ་དམ་པོར་དམིགས་ཏེ། ཁོར་ཡུག་སྨྱན་བྱད་གསར་པའི་འཛུགས་སྐྲུན་ཆུ་ཚད་མཐོར་འདེགས་ཆེན་པོ་བྱུང་ཞིང་། ཁོར་ཡུག་གསར་འགྱུར་གླེང་ཕྱོགས་སྣེ་ཁྲིད་ལ་ནུས་པ་དང་ཕན་འབྲས་ཡོད་པར་གྱུར་ཅིང་། ཁོར་སྲུང་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་གྱི་རྣམ་པ་མུ་མཐུད་དུ་གསར་གཏོད་བྱས་ཤིང་། ཁོར་སྲུང་དྲིལ་སྒྲོག་སློབ་གསོའི་གནས་སྟངས་ལ་གྲུབ་འབྲས་མངོན། མིག་སྔར། ཁོར་སྲུང་སྒྲིག་གཞི་སྤྱི་ཡོངས་ལ་སྒོ་འབྱེད་པའི་བྱ་འགུལ་གྱི་གོམ་པ་རྒྱུན་རྣམ་ཅན་དུ་གྱུར་ཏེ། “གནམ་ས་གཞི་གཅིག་ཅན”གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་རྒྱའི་མ་ལག་དང“སྐྱེ་ཁམས་སྒེའུ་ཁུང”སྔོན་ལ་འགྲུབ་སྟེ། ཕྱི་ཕྱོགས་ལ་རང་ཞིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་འགྲེམ་སྟོན་བྱེད་པའི་སྒེའུ་ཁུང་དུ་གྱུར། ཞིང་ཆེན་རིམ་པའི“མཚོ་སྔོན་ཁོར་སྲུང”པོད་འཕྲིན་དང་། སྐད་འཕྲིན་དང་འཁོར་སྲུང་སྲིད་གཞུང་དྲ་ཚིགས་ཀྱི་སྨྱན་བྱད་གསར་པའི་འཕྲིན་སྟེགས་བཙུགས་ཟིན་པ་དང་། གྲོང་ཁྱེར་དང་ཁུལ8ཀྱིས་ཀྱང“འཕྲིན་གཉིས”སྟེགས་བུ་ཤར་གཏོང་བྱས་ནས། ཞིང་ཆེན་དང་ས་གནས་ཀྱི“འཕྲིན་གཉིས”འཕྲིན་སྟེགས་མཉམ་འཕེལ་མཉམ་རྒྱས་མངོན་འགྱུར་བྱུང་། དྲ་དམངས་དང་མཉམ་འགུལ་ལ་ཤུགས་བསྣན་ཏེ། སྤྱི་ཚོགས་གླེང་ཕྱོགས་ཀྱི་དྲང་ནུས་མཐོར་འདེགས་ལ་སྣེ་ཁྲིད་བྱས། དུས་མཚུངས་སུ། ཀྲུང་དབྱང་ཁོར་སྲུང་ལྟ་ཞིབ་ཀྱི་སྐབས་སུ། དྲིལ་སྒྲོག་སྤེལ་གཏོང་བྱ་བ་ལྟ་ཞིབ་སྐོར་ཐེངས་འདྲ་མཚུངས་ཀྱི་ཞིང་ཆེན་ཁྲོད་སྒྲུབ་ཤུགས་ཆེ་ཤོས་ཡིན་ཞིང་། སྤྱི་ཚོགས་ཡོངས་ཀྱི་ངེས་ཤེས་བྱུང་ཚད་དང་། ཟབ་ཞུགས་ཚད། ཡིད་ཚིམས་ཚད་དང་དྲ་ཐོག་གི་དྲང་ཕྱོགས་གདེང་འཇོག་ཆ་སྙོམས་ཀྱིས་སྔོན་གྲས་སུ་ཚུད་ཡོད།

གསར་འགོད་པས་ཚོགས་འདུའི་སྟེང་ཤེས་གསལ་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས“དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་ཏུ་སྤེལ་ཏེ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་འཐབ་འཛིང་གི་རྟགས་མཚན་རང་བཞིན་ལྡན་པའི་འཐབ་འཛིང་བརྒྱད་ལ་དམ་པོར་དམིགས་པ་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་དྲིལ་སྒྲོག་སློབ་གསོའི་བྱ་བའི་སྲོག་ཤིང་ལས་འགན་དང་བྱ་བ་གཙོ་བོར་དམིགས་ཏེ། འཆར་ཅན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་བྱ་བར་བརྟེན་ནས་གླེང་ཕྱོགས་ཁྲིད་སྟོན་ལ་མུ་མཐུད་དུ་ཤུགས་སྣོན་དང་། ཁོར་སྲུང་སྨྱན་བྱད་གསར་པའི་རྣམ་པ་འཛུགས་སྐྲུན་ལ་བརྟེན་ནས་ཐོན་ཁུངས་ཆིག་སྒྲིལ་ལ་སྐུལ་འདེད་དང་། ཁོར་སྲུང་སྒྲིག་གཞི་སྤྱི་ཡོངས་ལ་སྒོ་འབྱེད་བྱས་པར་བརྟེན་ནས་སྤྱི་ཚོགས་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་དང་། སྡེ་ཁག་གི་རམ་འདེགས་དང་ཁོར་སྲུང་སྤྱི་ཚོགས་རྩ་འཛུགས་ཀྱི་རྒྱབ་སྐྱོར་མཐུན་སྦྱོར་བྱས་པར་བརྟེན་ནས་ཁོར་སྲུང་འཐབ་ཕྱོགས་གཅིག་གྱུར་འཛུགས་པར་སྐུལ་འདེད་བཏང་བ་དང་། ཁོར་སྲུང་དྲིལ་སྒྲོག་བརྩམས་ཆོས་ལ་བརྟེན་ནས་སྐྱེ་ཁམས་རིག་གནས་འཛུགས་སྐྲུན་ལ་ཤུགས་སྣོན་པ། བརྗོད་དོན་དྲིལ་སྒྲོག་བྱ་འགུལ་ལེགས་པོར་བསྒྲུབ་པར་བརྟེན་ནས་སྤྱི་པའི་ཁོར་སྲུང་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ལྟ་ཞིབ་ཚད་ལེན་དང་ཚན་རིག་ཞིབ་འཇུག་ཐག་གཅོད་ལ་བརྟེན་ནས་ཁོར་སྲུང་གླེང་ཕྱོགས་ལ་ཁ་གཏད་འཇལ་བ་བཅས་བྱས་ཏེ། སྔར་ལས་མཛེས་ཤིང་གསར་པའི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྤྱི་ཚོགས་གླེང་ཕྱོགས་ཀྱི་མཁའ་དབུགས་ཡག་པོ་ཞིག་བསྐྲུན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།