ཞོན་ཧྭ་རྫོང་ཀ་རིང་ཞང་ཤུག་རི་སྡེ་བའི་ཨ་མྱེས་ཤྭ་བོ་རྟགས་ཅན་གྱི་ནས་ཆང་དངོས་སུ་ཚོང་རར་བཀྲམ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ།   མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ཀ་རིང་ཞང་ཤུག་རི་སྡེ་བའི་ཤུག་རི་བོད་ཆང་ཚད་ཡོད་ཀུང་ཟིས་ཐོན་སྐྱེད་བྱས་པའི་ཨ་མྱེས་ཤྭ་བོ་རྟགས་ཅན་གྱི་ནས་ཆང་ཐོ་འགོད་ལེགས་གྲུབ་བྱུང་བར་མ་ཟད་དངོས་སུ་ཚོང་རར་བཀྲམ།  དེས་ཞོན་ཧྭ་རྫོང་གིས་རྫོང་ཡོངས་ལ་སྡེ་བའི་ཐུན་མོང་དཔལ་འབྱོར་ཡོད་པར་བྱེད་པའི་བཟོ་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཐོག་མར་སྡེ་བས་ཁེ་ལས་གཉེར་བའི་རྣམ་པ་སྤྱད་དེ་ཞིང་སྡེར་ཐུན་མོང་དཔལ་འབྱོར་ཡོད་པ་མངོན་འགྱུར་བྱས་ཏེ་ཞིང་བའི་ཡོང་སྒོ་ཇེ་མང་དུ་བཏང་བ་མཚོན་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན།   ཞིང་ཆེན་ཡོངས་ཀྱི་ཞིང་སྡེར་ཐུན་མོང་དཔལ་འབྱོར་ཡོད་པར་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱས་པ་ནས་བཟུང་།   ཞོན་ཧྭ་རྫོང་ཀ་རིང་ཞང་ཏང་ཨུ་དང་སྲིད་གཞུང་གིས་ཡུལ་བབ་དང་བསྟུན་པ་དང་ཚད་མཐོན་པོས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་པ་དང་།   ཚན་རིག་ལྟར་སྡེ་བ་སོ་སོར་ཐུན་མོང་དཔལ་འབྱོར་ཡོད་པར་བྱེད་པའི་ཇུས་གཞིར་འཆར་འགོད་བྱས་ཏེ་ཐུན་མོང་དཔལ་འབྱོར་ལ་བརྟེན་ནས་ཞིང་སྡེའི་དཔལ་འབྱོར་ཐོད་བརྒལ་རྣམ་པའི་འཕེལ་རྒྱས་འབྱུང་བ་མངོན་འགྱུར་བྱས།   ཀ་རིང་ཞང་ཤུག་རི་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་ཡི་འགོ་ཁྲིད་ཚན་ཁག་གིས་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ཤུག་རི་བོད་ཆང་ཀུང་ཟིའི་འཕེལ་རྒྱས་ལ་འཆར་འགོད་བཟང་བོ་བྱས་པ་དང་།   འབྲེལ་ཡོད་སྡེ་ཁག་མཐུན་སྦྱོར་བྱས་ཏེ་ཁེ་ལས་འཕེལ་རྒྱས་ཐད་བགྲོད་ལམ་གསར་བ་བཏོད་དེ་ཨ་མྱེས་ཤྭ་བོ་རྟགས་ཅན་གྱི་ནས་ཆང་གསར་གཏོད་ལེགས་གྲུབ་བྱུང་བར་མ་ཟད།   དངོས་སུ་ཚོང་རར་བཀྲམ་ལ།   ཤུག་རི་སྡེ་བ་རྫོང་ཡོངས་ཀྱི་སྡེ་བས་ཁེ་ལས་གཉེར་ཏེ་ཐུན་མོང་དཔལ་འབྱོར་ཡོད་པ་མངོན་འགྱུར་བྱས་པའི་དཔེ་སྟོན་སྡེ་བ་གཅིག་པུར་གྱུར།

ཞོན་ཧྭ་རྫོང་ཀ་རིང་ཞང་ཤུག་རི་སྡེ་བའི་ཤུག་རི་བོད་ཆང་ཚད་ཡོད་ཀུང་ཟི་བཙུགས་པའི་ཚུན་ལ།   ཀུང་ཟི་རང་གིས་ཐོན་སྐྱེད་བྱེད་པ་ལས་གཞན།   སྡེ་དམངས་དག་གིས་བསྙལ་བའི་ཆང་ཉོ་བསྡུ་བྱས་ཏེ་ཡང་བསྐྱར་བཙགས་ནས་སྤུས་ལེགས་ཐུམ་བརྒྱབ་རྗེས་ཚད་ལྡན་སྒོས་ཕྱིར་འཚོང་བྱས་ནས་ཁ་ཐོར་གྱིས་ཆང་བསྙལ་བ་ནས་གཅིག་བསྡུས་ཀྱིས་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་པ་མཉམ་བསྲེས་ཀྱི་བྱེད་ཐབས་དང་།  རང་གིས་འཐུང་བ་ནས་ཁྲོམ་རར་ཕྱིར་འཚོང་བྱེད་པའི་རྣམ་པ་མངོན་འགྱུར་བྱས་ཏེ་སྡེ་དམངས་ཀྱི་ཡོང་སྒོ་འཕར་སྣོན་བྱེད་པར་སྣེ་ཁྲིད་བྱས།  རྒྱུས་ལོན་བྱུང་བ་ལྟར་ན།  ཤུག་རི་སྡེ་བའི་ཤྭ་བོ་རྟགས་ཅན་གྱི་ནས་ཆང་ལ་ཀུན་གྱིས་དགའ་བསུ་ཐོབ་བཞིན་ཡོད།

གཞན་ཀུང་ཟིས་དེས་ཐོན་སྐྱེད་བྱས་པའི་ཨ་མྱེས་ཤྭ་བོ་རྟགས་ཅན་གྱི་ནས་ཆང་ཚོང་རར་བཀྲམ་རྗེས། མུ་མཐུད་དུ་ཀུང་ཟིའི་འཕེལ་རྒྱས་གཞི་ཁྱོན་རྒྱ་བསྐྱེད་རྒྱུ་ཡིན་པ་དང་།  སྡེ་དམངས་ཀྱི་ཡོང་སྒོ་ཡང་སྔར་ལས་ཇེ་མཐོར་གཏོང་ངེས།

ད་ལོའི་ཚུན་ལ།   ཞོན་ཧྭ་རྫོང་གིས་རྫོང་ཡོངས་ལ་སྡེ་བའི་ཐུན་མོང་དཔལ་འབྱོར་ཡོད་པར་བྱེད་པ་མགྱོགས་མྱུར་སྒོས་མངོན་འགྱུར་བྱེད་ཆེད།   ཡུལ་བབ་དང་བསྟུན་པ་དང་རིགས་བགར་ནས་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་ཞིང་སྡེའི་ཡུལ་སྐོར་དང་སྡེ་བས་ཁེ་ལས་གཉེར་བ་སོགས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་དཔེ་སྟོན་གནས་མང་བོ་འཛུགས་སྐྲུན་བྱས་པ་དང་།   མཐའ་འཁོར་གྱི་ཞིང་སྡེར་སྣེ་ཁྲིད་བྱས་ཏེ་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ལ།   རྫོང་ཡོངས་ཀྱི་སྡེ་བའི་ཐུན་མོང་དཔལ་འབྱོར་བརྟན་འཇགས་སྒོས་འཕེལ་རྒྱས་འགྲོ་བ་མངོན་འགྱུར་བྱས། དེའི་ཐད་ཀ་རིང་ཞང་གིས་གོམ་པ་དང་པོ་སྤོ་མགོ་བརྩམ་ཏེ་བྱ་བ་སྣ་ཚོགས་ཤུགས་ཆེན་སྒོས་སྤེལ་བཞིན་འདུག

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།