བོད་ལུགས་སྨན་རྫས་རྒྱུན་འཛིན་གསར་སྐྲུན་དང་ཐོན་ལས་འཕེལ་རྒྱས་གླེང་སྟེགས་ཚོགས་འདུ་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས9ཉིན། བོད་ལུགས་སྨན་རྫས་རྒྱུན་འཛིན་གསར་སྐྲུན་དང་ཐོན་ལས་འཕེལ་རྒྱས་གླེང་སྟེགས་ཚོགས་འདུ་ཟི་ལིང་ནས་ཚོགས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་ཚོགས་འདུར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་བུའུ་ཐེན་དབྱི་དང་ཧོང་ལུའུ་ཆི། ནན་ཀྲི་པེའོ། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཝང་ཀོང་ཆིན། ཀྲུང་ཧྭ་ཀྲུང་ལུགས་སྨན་རྫས་སློབ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་སུན་ཡུང་ཀྲང་བཅས་ཚོགས་འདུར་ཞུགས།

ཝང་ཡུས་པོ་ཡིས་བཤད་རྒྱུར། བོད་ལུགས་སྨན་རྫས་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཉིང་བཅུད་ཡིན་པ་དང་རང་རྒྱལ་གྱི་སྲོལ་རྒྱུན་གསོ་རིག་གི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་པར་མ་ཟད། རིན་ཐང་བྲལ་བའི་སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས་ཡིན་པ་དང་ཧ་ཅང་གལ་ཆེ་བའི་རིག་གནས་དང་དཔལ་འབྱོར་གྱི་ཐོན་ཁུངས་ཡིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་བོད་ལུགས་སྨན་རྫས་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། སྔར་ལས་མང་པོའི་རྒྱབ་སྐྱོར་སྲིད་ཇུས་ལ་ཞིབ་འཇུག་དང་གཏན་འཁེལ་བྱས་ནས་བོད་ལུགས་སྨན་རྫས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་གཅིག་སྡུད་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་བོད་ལུགས་སྨན་རྫས་རྒྱུན་འཛིན་དང་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཤིང་། བོད་ལུགས་སྨན་རྫས་རིག་གནས་དར་སྤེལ་བྱེད་པ་དང་ཤུགས་ཆེན་པོས་བོད་ལུགས་སྨན་རྫས་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས་ལ། ཧུར་ཐག་སྒོས་རྒྱུན་འཛིན་ཁྲོད་དུ་གསར་སྐྲུན་བྱེད་པ་དང་གསར་སྐྲུན་ཁྲོད་དུ་འཕེལ་རྒྱས་སུ་བཏང་ནས། བོད་ལུགས་སྨན་རྫས་གསར་བཟོ་བྱེད་པའི་ཚུལ་སྒྱུར་རིམ་འཕར་ལ་སྐུལ་འདེད་གཏོང་དགོས། ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་གཞི་རིམ་གྱི་དངོས་བཀོལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་མ་ཟད་ཕྱི་ཕྱོགས་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་དུ་ཐུན་མོང་མ་ཡིན་པའི་ནུས་པ་འདོན་དགོས་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།