ཟི་ལིང་གི་སྒོ་ཁྲལ་ལས་ཁུངས་བཙུགས་ནས་ལོ་འཁོར་ཉི་ཤུ་ལོན་པའི་སྤྱི་སྡོམ་སློབ་གསོ་དང་སྒོ་ཁྲལ་ལས་ཁུངས་གསར་བ་འཛུགས་སྐྲུན་བྱེད་པའི་སྐུལ་སློང་གྲོས་ཚོགས་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གྱིས་ཉེ་ལམ་བསྡུས་པའི་ཟི་ལིང་སྒོ་ཁྲལ་ལས་ཁུངས་བཙུགས་ནས་ལོ་འཁོར་ཉི་ཤུ་ལོན་པའི་སྤྱི་སྡོམ་སློབ་གསོ་དང་སྒོ་ཁྲལ་ལས་ཁུངས་གསར་བ་འཛུགས་སྐྲུན་བྱེད་པའི་སྐུལ་སློང་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། དཔལ་འབྱོར་གྱི་རྒྱུན་རྣམ་གསར་བའི་འོག ང་ཚོས་སྒོ་འབྱེད་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་པ་དང་། སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་སྒྲིག་གཞི་གསར་བ་འཛུགས་པ། ནང་དུ་འདྲེན་པ་དང་ཕྱིར་གཏོང་བ་རྒྱུན་འཁྱོངས་བྱེད་པ། རྒྱུད་གཅིག་ལམ་གཅིག་་དང་འབྲི་ཆུའི་དཔལ་འབྱོར་ཁུལ། ནུབ་རྒྱུད་གསར་སྤེལ་ཆེན་མོ་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་འདྲེས་པར་བྱས་ན། ད་གཟོད་འཕེལ་རྒྱས་གསར་བའི་དུས་རིམ་དུ་དུས་རབས་ཀྱི་གོམ་འགྲོས་དང་མཐུན་པར་བྱེད་ཐུབ་ཟེར།

ཐེན་ཅིན་ཁྲིན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཡུན་རིང་བོར་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱས་པ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་དུ། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དང་བོད་ལུགས་ས་གདན་འགྲེམ་ཚོགས་སོགས་སྟེགས་བུ་བརྒྱུད་དེ། རང་འགུལ་གྱིས་རྒྱུད་གཅིག་ལམ་གཅིག་རྒྱུད་ཀྱི་འབྲེལ་ཡོད་རྒྱལ་ཁབ་དང་མཐའ་འཁོར་སྤུན་ཟླ་ཞིང་ཆེན་བར་གྱི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་དང་ཐོན་ནུས་མཉམ་ལས། མི་གཞུང་བརྗེ་རེས་ལ་ཤུགས་བསྣན་ནས། མཚོ་སྔོན་གྱི་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་། ཟི་ལིང་སྒོ་ཁྲལ་ལས་ཁུངས་ཀྱིས་སྒོ་ཁྲལ་ལས་ཁུངས་གསར་བ་འཛུགས་སྐྲུན་བྱེད་རྒྱུ་དེ་གོ་སྐབས་སུ་བརྩི་བ་དང་། འགན་ནུས་བསྒྱུར་བ་དང་ལེགས་བསྒྱུར་བྱེད་པར་དམ་འཛིན་བྱེད་པ། འགག་སྒོ་ལྔའི་འཛུགས་སྐྲུན་ཁྱོན་ཡོངས་ནས་སྤེལ་བ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལག་བསྟར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་ཕྱི་ཕྱོགས་སྒོ་འབྱེད་སྤེལ་བའི་སྤྱི་ཡོངས་ཁྲོད་བྱས་རྗེས་གསར་བ་འཇོག་དགོས་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།