མཚོ་ཤར་གྲོང་ཁྱེར་གྱིས་དབུལ་སྐྱོར་མཁྲེགས་གཏོར་བྱ་བར་ཡར་སྐུལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ།  མཚོ་ཤར་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དང་དུས་རབས་གསར་པའི་དབུལ་སྐྱོར་གསར་སྤེལ་འཐབ་ཇུས་བསམ་བློ་ལྟར། ཞིང་ཆེན་ཏང་ཨུའི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་།   དབུལ་ཐར་མཁྲེགས་གཏོར་བྱ་བ་དེ་དམངས་ཚིས་བཟོ་སྐྲུན་གལ་ཆེན་ཏུ་བརྩིས་ཏེ་དངོས་འབེབས་དོན་འཁྱོལ་བྱས་ཤིང་།   མཚོ་ཤར་གྱི་ཁྱད་ཆོས་ལྡན་པའི་གནད་ཕིགས་དབུལ་སྐྱོར་ལམ་བུ་འཚོལ་ཞིབ་བྱས་ཏེ་དབུལ་སྐྱོར་བྱེད་ཐབས་ཀྱི་སྒྱུར་བ་གསུམ་མངོན་འགྱུར་བྱས་པ་དང་།  གྲོང་ཁྱེར་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་རྒྱལ་ཁ་ལེན་པར་རོགས་འདེགས་བྱས།

མཚོ་ཤར་གྲོང་ཁྱེར་གྱིས་གཅིག་འབྲེལ་གསར་སྤེལ་དང་གཞི་ཁྱོན་བདག་གཉེར།   ཡུན་རིང་ཕན་ཐོབ་བཅས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱིས་དབུལ་སྐྱོར་ལ་སྐུལ་ཁྲིད་བྱེད་པའི་རྣམ་པ་གསར་བར་ཡར་སྐུལ་བྱས་ཏེ་དབུལ་ཕོངས་སྡེ་བ་སུམ་བརྒྱ་དོན་དྲུག་དང་དབུལ་ཕོངས་མི་གྲངས་འབུམ་གཅིག་ལྷག་དབུལ་ཐར་བྱེད་པ་མངོན་འགྱུར་བྱས་པ་དང་།  དེས་གྲོང་ཁྱེར་ཡོངས་ཀྱི་དབུལ་ཕོངས་མི་གྲངས་ཀྱི་བརྒྱ་ཆའི་ང་བརྒྱད་ལྷག་ཟིན།

མཚོ་ཤར་གྲོང་ཁྱེར་གྱིས་ཐོན་ལས་འཕེལ་རྒྱས་ལས་གཞི་དང་དངུལ་རྩའི་དབུལ་སྐྱོར་རྣམ་པ་མཉམ་བསྲེས་བྱས་པ་བརྒྱུད་དེ།  དབུལ་ཕོངས་ཁྱིམ་ཚང་བརྟན་འཇགས་ཀྱིས་དབུལ་ཐར་དང་ཡུན་རིང་ལ་ཕན་ཁེ་ཐོབ་པར་རོགས་འདེགས་བྱས་པ་དང་།  སྡེ་བ་གཅིག་ལ་ཐོན་རྫས་གཅིག་དང་།  ཀུང་ཟི་དང་མཉམ་ལས་ཁང་།  ཞིང་ཁྱིམ་གཞི་གཅིག་ཏུ་སྦྲེལ་བའི་རྣམ་པ་སྤྱད་དེ་དབུལ་ཕོངས་མང་ཚོགས་ཀྱིས་རང་ས་གནས་ནས་ལས་ཤུགས་གསར་སྐྲུན་བྱེད་པའི་གཉིས་རྒྱལ་གྱི་དམིགས་འབེན་མངོན་འགྱུར་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།