རྩེ་ཁོག་རྫོང་གིས་དབུལ་ཕོངས་སྡེ་བ26ལ་རིག་གནས་དང་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་སྟེར་བའི་མཛད་སྒོ་བསྡུས།

20181019103504YgM.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་པའི་ཚེས་བཅོ་བརྒྱད་ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུའུ་ཡིས་རྫོང་ཡོངས་ཀྱི་དབུལ་ཕོངས་སྡེ་བ་ཉེར་དྲུག་ལ། རིག་གནས་དང་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་སྟེར་བའི་མཛད་སྒོ་བསྡུས།

མཛད་སྒོའི་སྟེང་སྒྲ་སྒམ་ཆ་ཚང་སོ་བདུན་དང་། སྐུད་མེད་བརྙན་འཕྲིན་སྡུད་ལེན་འཕྲུལ་ཆས་བརྒྱད་བརྒྱ། སྒྲ་སྡུད་འཕྲུལ་ཆས་ལྔ་བརྒྱ་བཅས་བྱིན་པའི་རིན་ཐང་ཕལ་ཆེར་སྒོར་ས་ཡ་གཉིས་དང་འབུམ་གཉིས་ཁྲི་ལྔ་སྟོང་ལྔ་ལ་སླེབས་པར་མ་ཟད། ལས་ཡུལ་དངོས་ནས་ཟབ་སྦྱོང་བྱས་ཏེ། སྒྲིག་ཆས་དེ་དག་གི་བདག་གཉེར་དང་བཀོལ་སྤྱོད་ཐད་བྱང་ཆ་ལྡན་པར་བྱས།

201810191031457cyD.jpg

20181019103836n5E6.jpg

ཐེངས་འདིའི་བྱ་འགུལ་གྱིས་རྩེ་ཁོག་རྫོང་གི་དབུལ་ཕོངས་སྡེ་བ་ཉེར་དྲུག་ལ་རིག་གནས་སྒྲིག་ཆས་ཀྱིས་མི་འདང་བ་ཁ་གསབ་བྱས་པ་མ་ཟད། རྒྱང་སྒྲོག་ལ་ཉན་དཀའ་བ་དང་བརྙན་འཕྲིན་ལ་བལྟ་མི་ཐུབ་པའི་མིག་སྔའི་གནད་དོན་ཐག་གཅོད་བྱས་ཏེ། རྫོང་ཡོངས་ཀྱི་དཔལ་ཡོན་སྡེ་བ་འཛུགས་སྐྲུན་དང་དབུལ་སྐྱོར་མཁྲེགས་གཏོར་བྱ་བར་སྔར་ལས་ལྷག་པར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་བཏོན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།