ཉིས་སྟོང་བཅོ་བརྒྱད་ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འཕེལ་རྒྱས་བརྗེ་རེས་ཚོགས་འདུ་ཡུས་ཧྲུའུ་ཁུལ་ནས་སྤེལ་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་ཉེར་བཞི་ཉིན།   ཁྱད་ལྡན་དང་གཅིག་བསྡུས།  འཕེལ་རྒྱས་བཅས་བརྗོད་གཞི་ཡིན་པ་དང་།  ཞིང་ཆེན་ཚོང་དོན་ཐིན་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་ཉིས་སྟོང་བཅོ་བརྒྱད་ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འཕེལ་རྒྱས་བརྗེ་རེས་ཚོགས་འདུ་ཡུས་ཧྲུའུ་ཁུལ་སེ་དབྱི་ན་འགྲེམ་ཚོགས་ལྟེ་གནས་ནས་སྤེལ་མགོ་བརྩམས་པ་དང་།  ཚོགས་ཡུན་ཉིན་ལྔ་རེད།

ཉིས་སྟོང་བཅོ་བརྒྱད་ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འཕེལ་རྒྱས་བརྗེ་རེས་ཚོགས་འདུའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་རིམ་པ་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ།   ཆེད་ལས་རང་བཞིན་དང་མི་རིགས་རང་བཞིན།  རྒྱལ་སྤྱི་རང་བཞིན།  མིང་གྲགས་རང་བཞིན་བཅས་ཀྱི་ཁྱད་ཆོས་སྔར་ལས་འབུར་ཐོན་བྱེད་པ།  འགྲེམ་ཚོགས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་འདྲེས་པར་བྱེད་པ།   མཚོ་སྔོན་ཞིང་ཆེན་འདི་ཨེ་ཤ་ཡ་ལྷོ་མར་སྒོ་འབྱེད་བྱེད་པའི་དཔལ་འབྱོར་བརྗེ་རེས་སྟེགས་བུ་རུ་འགྱུར་བར་བྱེད་པ།   རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པར་སྤྱོད་པའི་དཔེ་སྟོན་ལས་གཞི་དང་མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ཁུལ་དབུལ་ཐར་ཕྱུག་སྒྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཏུ་འགྱུར་ཆེད།   མཚོ་སྔོན་དང་བོད་ལྗོངས། སི་ཁྲོན།  ཡུན་ནན་སོགས་ཀྱི་དབྱར་རྩྭ་དགུན་འབུ་ཐོན་སྐྱེད་ཁུལ་གྱི་སྲིད་འཛིན་ལས་རིགས་དང་ཚོང་ལས་ལས་རིགས།  རྒྱལ་ནང་གི་སྨན་བཅོས་ལས་རིགས་ཀྱི་ཆེད་མཁས་པ་དང་།   ཀྲུང་ལུགས་དང་བོད་ལུགས་ཆེད་ལས་མི་སྣ་གདན་ཞུ་བྱས་ཏེ་དབྱར་རྩྭ་དགུན་འབུ་དང་སྨན་བཅོས་ཁྱད་ལྡན་ཐོན་ཁུངས་ཞེས་པའི་བརྗོད་གཞི་ལ་དམིགས་ནས་གཞི་ཁྱོན་ཆེ་བའི་དབྱར་རྩྭ་དགུན་འབུའི་མཐོ་རིམ་གླེང་སྟེགས་ཤིག་བསྡུ་རྒྱུ་ཡིན་པ་དང་།   གློག་རྡུལ་ཚོང་དོན་དང་མཉམ་བསྲེས་བྱས་ཏེ་དབྱར་རྩྭ་དགུན་འབུ་དང་ཁྱད་ལྡན་ཐོན་རྫས་བརྗེ་རེས་སྟེགས་བུ་བསྐྲུན་པ།   དབྱར་རྩྭ་དགུན་འབུ་དང་བོད་སྨན་ཐོན་ལས་འཕེལ་རྒྱས་ཐད་གྲོས་བསྡུས་ཟབ་མོ་བྱེད་པ་བཅས་བྱས་ཏེ་དབྱར་རྩྭ་དགུན་འབུ་དང་བོད་ལུགས་གསོ་རིག་གི་ཐུན་མོང་ཁྱད་ཆོས་མངོན་པར་བྱེད་རྒྱུ་རེད།

རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་མཚམས་སྦྱོར་བྱས་པ་ལྟར་ན།   ཐེངས་འདིའི་འགྲེམ་ཚོགས་ལ་འགྲེམ་སྟོན་ཁང་བཞི་དང་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་སྟོང་ལྔ་ལྷག་ཡོད་པ་དང་།  གཙོ་བོར་ཐོན་རྫས་འགྲེམ་སྟོན་དང་ཚོང་རྫས་སྐུལ་འཚོང་།   ཉོ་ཚོང་བརྗེ་རེས།  ལས་གཞི་ངོ་སྤྲོད།   མཐོ་རིམ་གླེང་སྟེགས།  བྱ་དགའ་སྟེར་བ་སོགས་བྱ་འགུལ་གྱིས་གྲུབ་ཡོད།   འགྲེམ་ཚོགས་བརྒྱུད་དེ།  མཚོ་སྔོན་ཞིང་ཆེན་གྱི་དབྱར་རྩྭ་དགུན་འབུ་དང་བོད་སྨན་ཐོན་ལས་ཀྱི་འཕེལ་རྒྱས་གྲུབ་འབྲས་ཁྱོན་ཡོངས་ནས་མངོན་པར་བྱེད་པ་དང་།    ཚོང་དོན་བརྗེ་རེས་མཉམ་ལས་སྟེགས་བུ་སྐྲུན་པ།   ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ།   རིམ་པ་མང་པོའི་བརྗེ་རེས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ།   མི་རིགས་ས་ཁུལ་གྱི་ཕྱོགས་ཡོངས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།