ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་གྱིས་མགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་འཛམ་གླིང་ངོ་སྤྲོད་བྱ་འགུལ་གྱི་གྲ་སྒྲིག་བྱ་བའི་མཐུན་སྦྱོར་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་བཅུ་བདུན་ཉིན།   ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་གྱིས་མགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་འཛམ་གླིང་ངོ་སྤྲོད་བྱ་འགུལ་གྱི་གྲ་སྒྲིག་བྱ་བའི་མཐུན་སྦྱོར་ཚོགས་འདུ་བསྡུས་ཏེ་གནས་ཚུལ་སྙན་ཞུ་བྱས་པར་ཉན་པ་དང་བྱ་བའི་ཇུས་གཞིར་གྲོས་བསྡུས་བྱས་པར་མ་ཟད།   བྱ་བར་བཀོད་སྒྲིག་བྱས།  

དབྱང་ཧྥིན་ཁྲུན་གྱིས་བསྟན་དོན།  མཚོ་སྔོན་ཞིང་ཆེན་གྱི་འཛམ་གླིང་ངོ་སྤྲོད་བྱ་འགུལ་ནི་མཚོ་སྔོན་གྱི་སྐྱེ་ཁམས་དགེ་མཚན་དང་ཐོན་ཁུངས་འཛོམས་པོ།   འཕེལ་རྒྱས་སྦས་ཤུགས་བཅས་མཚོན་པར་བྱེད་པ་དང་།   སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་དྲིལ་སྒྲོག་བྱེད་པ།   མཚོ་སྔོན་གྱི་འཕེལ་རྒྱས་བཅོས་སྒྱུར་གྲུབ་འབྲས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་མངོན་པར་བྱེད་པའི་བྱ་འགུལ་གལ་ཆེན་ཞིག་ཡིན་པར་མ་ཟད།    འཛམ་གླིང་ཡོངས་ལ་མཚོ་སྔོན་གྱི་གཏམ་རྒྱུད་བཟང་བོར་བཤད་པ་དང་ཀྲུང་གོའི་རྣམ་པ་མངོན་པར་བྱེད་པའི་སྟེགས་བུ་གཙོ་བོ་ཞིག་ཡིན་ཟེར།

དབྱང་ཧྥིན་ཁྲུན་གྱིས་ནན་གྱིས་བསྟན་དོན།   འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཕྱོགས་ནས་མཐོར་འདེགས་གཏོང་བ་དང་བསམ་བློའི་ངོས་ཟིན་ཇེ་ཟབ་ཏུ་བཏང་སྟེ་བྱ་འགུལ་གྱི་བརྗོད་གཞི་ལ་དམིགས་ནས་ཁྱད་ལྡན་དགེ་མཚན་འདོན་སྤེལ་བྱེད་པ་དང་སྤུས་ལེགས་ཐོན་རྫས་འདེམ་པ།    ཕྱོགས་ཡོངས་དང་ཆུ་ཚད་མཐོན་པོའི་སྒོ་ནས་རབ་མཛེས་མཚོ་སྔོན་གསལ་སྟོན་བྱེད་དགོས།   བྱ་བའི་ཇུས་གཞི་འཐུས་ཚང་དུ་གཏོང་བ་དང་བྱ་བའི་ལས་འགན་ཇེ་ཞིབ་ཏུ་གཏོང་བ།  ཆེད་བསྐོས་མི་སྣའི་ལས་འགན་གཏན་ཁེལ་གསལ་བོ་བྱེད་པ།   སྟོབས་ཤུགས་མཉམ་འདོན་བཅས་བྱས་ཏེ་དུས་ཚོད་ལྟར་གྲ་སྒྲིག་བྱ་བ་སོ་སོར་ནུས་ཡོད་སྒོས་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།