མཚོ་སྔོན་གྱི་རོང་བའི་ལོ་ལེགས་དུས་ཆེན་ཐོག་མ་དང་མཚོ་སྔོན་མཐོ་སྒང་གི་ཞིང་ལས་ཐོན་རྫས་འགྲེམ་ཚོགས་སྐབས་གསུམ་པའི་ལྟ་སྦྱོང་གྲོས་ཚོགས་ལི་ཏུའུ་ནས་བསྡུ་ལ་ཉེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་དང་ཞིང་ཆེན་ནགས་ལས་ཐིན། མཚོ་ཤར་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱེད་པ་དང་།  ཞིང་ཆེན་ཞིང་ཕྱུགས་ཐིན་ཁྲོམ་ར་ཆ་འཕྲིན་ཁྲུའུ་དང་མཚོ་ཤར་གྲོང་ཁྱེར་ཞིང་ལས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་། མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་མི་དམངས་སྲིད་གཞུང་བཅས་ཀྱིས་འགན་སྒྲུབ་བྱེད་པ། ཞིང་ཆེན་ཚོང་ལས་ཐིན་དང་ཞིང་ཆེན་རིག་གནས་ཐིན། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་མཁོ་ཚོང་མཉམ་འབྲེལ་ཁང་། ཞིང་ཆེན་ཕྱི་དོན་གཞུང་སྒྲུབ་ཁང་། ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་གཞོགས་འདེགས་བྱས་ཏེ་བསྒྲུབ་ལ་ཉེ་བའི། མཚོ་སྔོན་གྱི་རོང་བའི་ལོ་ལེགས་དུས་ཆེན་ཐོག་མ་དང་མཚོ་སྔོན་མཐོ་སྒང་གི་ཞིང་ལས་ཐོན་རྫས་འགྲེམ་ཚོགས་སྐབས་གསུམ་པའི་ལྟ་སྦྱོང་གྲོས་ཚོགས་ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་དུ་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་ནས་བསྡུ་རྒྱུ་རེད།

ཐེངས་འདིའི་འགྲེམ་ཚོགས་ཀྱི་བརྗོད་དོན་ནི་མཐོ་སྒང་གི་ཞིང་ལས་ཐོན་རྫས་དང་ལྗང་མདོག་འཕེལ་རྒྱས་གསར་བ་ཞེས་པ་དེ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།