2018ལོའི་གཅན་ཚའི་གཡང་མདའི་མདའ་རྩེད་འགྲན་ཚོགས་དང་ཨ་མདོ་ཡུལ་གྱི་གླུ་དང་ལ་གཞས་འགྲན་ཚོགས་ཆེན་མོ་བསྡུ་བའི་བརྡ་སྦྱོར།

༄༅། །2018ལོའི་གཅན་ཚའི་གཡང་མདའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩེད་གདན་ཞུའི་འགྲན་ཚོགས་དང་མདའ་སྟོན་རིག་གནས་དུས་ཆེན་སྐབས་ལྔ་བའི་ཨ་མདོ་ཡུལ་གྱི་གླུ་དང་ལ་གཞས་འགྲན་ཚོགས་ཆེན་མོ་བསྡུ་བའི་བརྡ་སྦྱོར།

微信图片_20180903181405.jpg

རང་རེའི་བོད་ཀྱི་ཕུལ་བྱུང་གཟུགས་འདས་ཤུལ་གཞག་རིག་གནས་ཀྱི་ཡ་གྱལ་དུ་གྱུར་བའི་གླུ་དང་སྲིད་པའི་གླུ་རྒན་ཏེ་ལ་གཞས་གཉིས་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ། ཤུལ་གཞག་རིག་གནས་རྩ་ཆེན་འདི་གཉིས་ཀྱི་རྒྱུད་འཛིན་གཞོན་རབས་པ་གང་མང་གསོ་སྐྱོང་བྱ་ཆེད། སྤྱི་ཟླ 9 པའི་ཚེས 18 ནས 20 ཉིན་བར་གཅན་ཚ་རྫོང་གཡང་མདའ་ལུས་རྩལ་ར་བ་རུ།  2018 ལོའི་གཅན་ཚའི་གཡང་མདའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩེད་གདན་ཞུའི་འགྲན་ཚོགས་དང་མདའ་སྟོན་རིག་གནས་དུས་ཆེན་སྐབས་ལྔ་བའི་ཨ་མདོ་ཡུལ་གྱི་གླུ་དང་ལ་གཞས་འགྲན་ཚོགས་ཆེན་མོ་བསྡུ་རྒྱུ་ཡིན་པས། འབྲེལ་ཡོད་ནང་དོན་གསལ་བསྒྲགས་བྱས་པ་གཤམ་གསལ་ལྟར།

གཅིག  འགྲན་ཚོགས་བསྡུ་བའི་དུས་ཚོད་དང་ས་གནས།

དུས་ཚོད། 2018 ལོའི་སྤྱི་ཟླ 9 བའི་ཚེས 18 ཉིན་གྱི་དུས་ཚོད 14:30 ནས་ཚེས20ཉིན་གྱི་དུས་ཚོད18:00བར།

ས་གནས། མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་གཡང་མདའ་ལུས་རྩལ་ར་བ།

གཙོ་སྒྲུབ་ལས་ཁུངས། 2018 ལོའི་གཅན་ཚའི་གཡང་མདའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩེད་གདན་ཞུའི་འགྲན་ཚོགས་དང་མདའ་སྟོན་རིག་གནས་དུས་ཆེན་སྐབས་ལྔ་བའི་རིག་རྩལ་ཚན་ཆུང་།

གཉིས། འགྲན་ཚོགས་ཀྱི་བྱ་རིམ།

༡ འགྲན་ཞུགས་ཆ་རྐྱེན། ལོ་བཅོ་བརྒྱད་ནས་དྲུག་ཅུའི་བར་གྱི་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་གླུ་བ་གླུ་མ་དག་ཡིན་དགོས།

༢ འགྲན་སྡུར་བྱ་ཐབས། ཐེངས་འདིའི་འགྲན་ཚོགས་ལ་ཐོག་མའི་འགྲན་སྡུར་དང་རྟིང་རྩོད་འགྲན་སྡུར་གྱི་རིམ་པ་གཉིས་སུ་བགོས་ཡོད་ལ། རྒྱན་ལེན་པའི་ཐབས་ལ་བརྟེན་ནས་སྔ་གཞུག་གོ་རིམ་དང་ལེན་ཡ་བསྒྲིག་རྒྱུ་ཡིན།

གསུམ། འགྲན་ཚོགས་ཀྱི་རེ་བ།

༡ ལ་གཞས་འགྲན་སྡུར་ཁྲོད་འགྲན་ཡ་ཕྱོགས་གཉིས་ཀྱིས་དུས་ཡུན་སྐར་མ་སུམ་ཅུའི་ཡན་ལ་ལེན་རྒྱུའི་ལ་གཞས་གྲ་སྒྲིག་བྱ་དགོས་ལ། ཉན་མཁན་རྣམ་པའི་རེ་བ་ལྟར་ཐོལ་བྱུང་གི་ལ་གཞས་ལེན་རེས་བྱེད་པའི་བར་སྐབས་བཀོད་སྒྲིག་ཀྱང་བྱ་ངེས། གླུའི་འགྲན་སྡུར་ཁྲོད་འགྲན་ཞུགས་མཁན་རེས་གླུ་གཉིས་ནས་གསུམ་རེ་ལེན་རྒྱུ།

༢ འགྲན་སྡུར་གྱི་གླུ་ཚིག་དང་གླུ་སྐེ་དེ་སྲོལ་རྒྱུན་ལ་གཞོལ་ཅི་ཐུབ་བྱ་དགོས་ལ། ས་གནས་དང་མི་སྒེར་གྱི་ཁྱད་ཆོས་ཀྱང་མངོན་ཐུབ་དགོས།

༣ འགྲན་ཞུགས་གླུ་བ་གླུ་མ་རྣམས་ཀྱིས་རང་རང་གི་སྐད་ངག་གི་ཁྱད་ཆོས་དངོས་མངོན་རྒྱུ་ལས་དེང་རབས་རོལ་ཆས་སོགས་ཀྱིས་རམ་འདེགས་བྱས་མི་ཆོག

༤ འགྲན་ཞུགས་མི་སྣས་རང་མི་རིགས་ཀྱི་གྱོན་ཆས་གོན་དགོས།

བཞི། བྱ་དགའི་རྣམ་གྲངས།

ལ་གཞས་འགྲན་སྡུར་གྱི་བྱ་དགའི་རྣམས་གྲངས་ནི།

 1 ཨང་དང་པོ་མི་གཉིས།(ཕོ་མོ་སོ་སོར་མི་གཅིག་རེ་དང་། མི་རེར་དམངས་སྒོར་སྟོང་གསུམ་རེའི་བྱ་དགའ། )

 2 ཨང་གཉིས་པ་མི་དྲུག  (ཕོ་མོ་སོ་སོར་མི་གསུམ་རེ་དང་། མི་རེར་དམངས་སྒོར་ཉིས་སྟོང་རེའི་བྱ་དགའ། )

 3 ཨང་གསུམ་པ་མི་བཅུ།(ཕོ་མོ་སོ་སོར་མི་ལྔ་རེ། མི་རེར་དམངས་སྒོར་ཆིག་སྟོང་རེའི་བྱ་དགའ། )

 4 འགྲན་ཞུགས་གླུ་བ་གླུ་མ་གཞན་དག་ལ་ཕུལ་བྱུང་བྱ་དགའ།(མི་རེར་དམངས་སྒོར་ལྔ་བརྒྱ་རེ།)

གླུ་འགྲན་སྡུར་གྱི་བྱ་དགའི་རྣམས་གྲངས་ནི།

 1 ཁྱད་ཐོན་བྱ་དགའ་གཅིག (དམངས་སྒོར་སྟོང་བཞིའི་བྱ་དགའ།)

 2 ཨང་དང་པོ་མི་གཅིག(དམངས་སྒོར་སྟོང་གསུམ་གྱི་བྱ་དགའ། )

 3 ཨང་གཉིས་པ་མི་བཞི། (མི་རེར་དམངས་སྒོར་ཉིས་སྟོང་རེའི་བྱ་དགའ། )

 4 ཨང་གསུམ་པ་མི་དྲུག(མི་རེར་དམངས་སྒོར་ཆིག་སྟོང་རེའི་བྱ་དགའ། )

 5 འགྲན་ཞུགས་གླུ་བ་གླུ་མ་གཞན་དག་ལ་ཕུལ་བྱུང་བྱ་དགའ།(མི་རེར་དམངས་སྒོར་ལྔ་བརྒྱ་རེ།)

ལྔ། མིང་ཐོ་འགོད་པའི་རེ་བ།

༡ མིང་ཐོ་འགོད་སྟངས་དང་དུས་ཚོད།

འགྲན་ཞུགས་གླུ་བ་གླུ་མ་སོ་སོས་ཟླ 9 ཚེས 13 ཉིན་གྱི་ཡར་སྔོན་ལ་ས་གནས་སོ་སོའི་རིག་གནས་རྒྱང་སྒྲོག་ལུས་རྩལ་ཅུའུ་ལ་མིང་ཐོ་འགོད་པའམ་ཡང་ན་གཤམ་གྱི་མི་སྣ་ལ་འབྲེལ་བ་བྱ་རོགས།

གཡང་བྷ་མཚོ།  13897037798 / ཆོས་སྐྱོང་བཀྲ་ཤིས།  18809737188

2018ལོའི་གཅན་ཚའི་གཡང་མདའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩེད་གདན་ཞུའི་འགྲན་ཚོགས་དང་མདའ་སྟོན་རིག་གནས་དུས་ཆེན་སྐབས་ལྔ་བའི་རིག་རྩལ་ཚན་ཆུང་གིས།(ཚབ)

2018 ལོའི་ཟླ 8 པའི་ཚེས 30 ཉིན།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།