ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གིས་རིན་མེད་པར་ལས་ཞུགས་ལས་སྐྲུན་གསོ་སྦྱོང་དང་ལས་སྐྲུན་དངུལ་བུན་རོགས་སྐྱོར། ལས་ཞུགས་ཆ་འཕྲིན་ཞབས་ཞུ་སོགས་ཀྱི་ལས་ཞུགས་དབུལ་སྐྱོར་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་རྫོང་ཡོངས་ཀྱི་གནས་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་ལ་སྐུལ་འདེད་བཏང་།
ཆི་ལེན་རྫོང་གིས་དཔྱིད་རླུང་འགུལ་སྤྱོད་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ་མི་བཀོལ་ཁེ་ལས་དང་མཁར་ཞང་གི་ལས་ཤོར་མི་སྣ་སྦྲེལ་མཐུད་བྱེད་པའི་ལས་ཞུགས་སྟེགས་བུ་སྐྲུན་ཏེ་ལས་ཤོར་མི་སྣ་དག་རང་ས་ཁུལ་དུ་ལས་ཞུགས་བྱེད་པར་རོགས་སྐྱོར་བྱས་པ་དང་། ཡང་བསྐྱར་ལས་ཞུགས་བྱེད་པའི་སྲིད་ཇུས་དང་ཞིང་བ་ཞོར་ལས་པའི་ཁེ་དབང་སྲུང་སྐྱོབ་རྒྱུན་ཤེས་སོགས་དྲིལ་སྒྲོག་རྒྱུ་ཆ་སྟོང་ལྔ་ལྷག་འགྲེམ་གཏོང་བྱས་པར་མ་ཟད། ཁེ་ལས་སོ་སོས་མཐོ་རིམ་མཐར་ཕྱིན་སློབ་མ་དང་ལས་ཤོར་མི་སྣ་སུམ་བརྒྱ་བསྡུ་ལེན་བྱས་པ་དང་དེའི་ཁྲོད་དབུལ་ཕོངས་ངལ་རྩོལ་མི་སྣ་བརྒྱ་དང་ཉི་ཤུ་ཡོད།
ལས་ཞུགས་དབུལ་སྐྱོར་སྲིད་ཇུས་དང་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་སྲིད་ཇུས་བརྗོད་གཞི་ཡིན་པའི་དྲིལ་སྒྲོག་བྱ་འགུལ་དང་རོང་འབྲོག་པའི་རྩལ་ནུས་གསོ་སྦྱོང་བྱ་འགུལ་སྤེལ་བ་དང་། གསོ་སྦྱོང་དང་ལས་ཞུགས་སྦྲེལ་མཐུད་བྱེད་པ་དང་གསོ་སྦྱོང་དང་ཁྲོམ་ར་སྦྲེལ་མཐུད་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ཆེད་ལས་དགེ་རྒན་གདན་ཞུ་བྱས་པ་དང་། རིག་གཞུང་དང་ལག་ལེན་བྱེད་ཐབས་ཟུང་འབྲེལ་བྱེད་པའི་བྱེད་ཐབས་སྤྱད་དེ་གསོ་སྦྱོང་གི་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཇེ་དྲག་ཏུ་བཏང་བ་དང་། མཐོ་རིམ་མཐར་ཕྱིན་སློབ་མ་དང་རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ལས་སྐྲུན་ནུས་པ་མཐོར་འདེགས་བཏང་། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ཆི་ལེན་རྫོང་གིས་ལས་ཞུགས་ལས་སྐྲུན་སྲིད་ཇུས་ལ་བརྟེན་ནས་གནད་ཕིགས་དབུལ་ཐར་ལ་རོགས་འདེགས་བྱས།