​རྒྱལ་ཡོངས་ཞིང་ཆེན་རིམ་པའི་ཏང་གི་ཚགས་པར་གྱི་བཅར་འདྲི་དང་རྩོམ་སྒྲིག་ལས་སྒོའི་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་དང་ཞིང་ཆེན་ཚགས་པར་ཁང་གི་འགོ་གཙོ་དང་སྤྱི་ཁྱབ་རྩོམ་སྒྲིག་པས་ན་གོར་མོར་བལྟ་བའི་བརྗོད་དོན་བཅར་འདྲིའི་བྱ་འགུལ་ཟི་ལིང་ནས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས4ཉིན། ཀྲུང་གོ་གསར་འགྱུར་དཔེ་སྐྲུན་སྨྱན་སྦྱོར་སྡེ་ཚོགས་དང་མཚོ་སྔོན་ཉིན་རེའི་ཚོགས་པར་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་ཤིང་། ན་གོར་མོ་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་འགན་སྒྲུབ་བྱས་པའི། རྒྱལ་ཡོངས་ཞིང་ཆེན་རིམ་པའི་ཏང་གི་ཚགས་པར་གྱི་བཅར་འདྲི་དང་རྩོམ་སྒྲིག་ལས་སྒོའི་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་དང་། ཞིང་ཆེན་ཚགས་པར་ཁང་གི་འགོ་གཙོ་དང་སྤྱི་ཁྱབ་རྩོམ་སྒྲིག་པས་ན་གོར་མོར་བལྟ་བའི་བརྗོད་དོན་བཅར་འདྲིའི་བྱ་འགུལ་ཟི་ལིང་ནས་བསྡུས་ཤིང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན། སློབ་གསོ་དང་ཚན་རིག རིག་གནས། འཕྲོད་བསྟེན་བཅས་ཀྱི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན། ཆིན་ཧྭ་སློབ་ཆེན་གྱི་གསར་འགྱུར་དང་ཁྱབ་སྒྲོག་སློབ་གླིང་གི་ཡོན་ཀྲང་ལིག་པིན་ཅེ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཀྲང་ཞི་མེན་གཉིས་ཐེངས་འདིའི་བྱ་འགུལ་ལ་ཞུགས།ལིག་པིན་ཅེ་ཡིས་བཅར་འདྲིའི་བྱ་འགུལ་གྱི་འཕྲེད་དར་དང་ལེན་བྱས་རྗེས། ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བའི་སྤྱིའི་མཛུབ་སྟོན་ཁ་བྱང་དུ་བཟུང་ནས་འཆད་ཁྲིད་བྱས་ཤིང་། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོན་པོ་དང་དུས་བསྟུན་མདུན་སྐྱོད་ཀྱི་གཞུང་ལུགས་ཟབ་ཚད། བདེན་འཚོལ་དངོས་གཉེར་གྱི་ཚན་རིག་རྣམ་འགྱུར། ཁག་ཁུར་གྱི་ལས་རིགས་བྱང་ཚད། མང་ཚོགས་ཀྱི་བློ་སེམས་སྒུལ་བའི་བརྩམ་ཆོས་བཅས་མཐོང་སྣེ་ལྔ་གཙོ་བོར་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་འགྱུར་གླེང་ཕྱོགས་བྱ་བའི་བསམ་བློའི་གཞུང་ལུགས་ལ་སློབ་སྦྱོང་བྱས་པའི་མྱོང་བ་གླེང་། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་གསར་འགྱུར་བསམ་བློར་སློབ་སྦྱོང་གང་ལེགས་བྱས་ནས། བསམ་བློའི་ངོས་ཟིན་གཅིག་གྱུར་བྱེད་དགོས་པར་མ་ཟད། གསར་འགྱུར་གླེང་ཕྱོགས་བྱ་བའི་ལག་ལེན་ལ་མཛུབ་སྟོན་བྱེད་དགོས། དུས་མཚུངས་སུ། མ་འོངས་སྨྱན་སྦྱོར་བྱ་བའི་འཕེལ་རྒྱས་ཁ་ཕྱོགས་དང་གཞི་གཅིག་ཏུ་སྦྲེལ་དགོས། དེ་མིན་ད་དུང་ཏང་གི་ཚགས་པར་བྱ་བས་བརྟན་སྲུང་དང་གསར་གཏོད་ཀྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱས་ནས། གནས་བབ་འགྱུར་རུང་སྲོག་ཤིང་མི་འགྱུར་བ་དང་རྣམ་པ་འགྱུར་རུང་གཟུངས་འཛིན་མི་འགྱུར་བ། སྨྱན་བྱེད་འགྱུར་རུང་འགན་འཁྲི་མི་འགྱུར་བར་འབད་དགོས་ཟེར།

ཀྲང་ཞི་མེན་གྱིས་མཚོ་སྔོན་ཞིང་ཆེན་གྱི་གནས་བབ་དང་། མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་དང་མི་རིགས་རིག་གནས་བཅས་མཚམས་སྦྱོར་བྱས་ཏེ་ནན་གྱིས་བསྟན་དོན། ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བ་ནི་ཏང་གི་ལས་དོན་གལ་ཆེན་ཞིག་ཡིན་པ་དང་། ཏང་གི་ཚགས་པར་ནི་ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བ་བཟང་བོར་བསྒྲུབ་པ་ལ་བཀོད་འདོམས་བྱེད་པའི་དམག་གྲུ་དང་མཚུངས། མཉམ་འབྲེལ་དྲ་རྒྱའི་དུས་རབས་སུ་ཞུགས་པ་ནས་བཟུང་། གསར་འགྱུར་བྱ་བ་དུས་རྟག་ཏུ་གནས་ཚུལ་གསར་བ་དང་གནད་དོན་གསར་བར་འཕྲད་ཀྱིན་ཡོད་ཅིང་། དེས་ཏང་གི་ཚགས་པར་ལ་རྒྱ་ཆེ་བའི་གར་སྟེགས་གསར་བ་ཞིག་འདོན་སྤྲོད་བྱས་པར་མ་ཟད། ད་དུང་འགྲན་རྩོད་གསར་བ་དང་འོས་འགན་གསར་བ་ཞིག་ཀྱང་འདོན་སྤྲོད་བྱས་ཡོད་པས། ང་ཚོས་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་དང་གླེང་ཕྱོགས་རྒྱུན་འཁྱོངས་བྱས་པའི་རྨང་གཞིའི་སྟེང་དུ། ཁག་ཁུར་གྱི་བླང་བྱ་དང་བཅོས་སྒྱུར་གསར་གཏོད་ཀྱི་བདེན་ཐུབ་ལ་བསྟེན་ནས། གསར་འགྱུར་གླེང་ཕྱོགས་ཀྱི་བརྒྱུད་སྒྲོག་ནུས་ཤུགས་དང་ཤན་ཤུགས་འཇོག་པའི་ནུས་པ། སྤྱིའི་ཡིད་རྟོན་ནུས་པ་བཅས་ཇེ་མཐོར་བཏང་མཐར། སྔར་ལས་ལྷག་པའི་སྒོ་ནས་དུས་རབས་གསར་བར་ཞབས་འདེགས་ཞུ་བ་དང་བྱེད་ཕྱོགས་གསར་བ་ངོམ་པ། བརྒྱུད་ལམ་གསར་བར་རོགས་འདེགས་བཅས་བྱེད་དགོས། རེ་བ་ཡིན་ན་ཚང་མས་སྔར་སྲོལ་ནང་བཞིན་མཚོ་སྔོན་ལ་སེམས་ཁུར་བྱེད་རྒྱུ་དང་མཚོ་སྔོན་ལ་རྒྱབ་སྐྱོར་བྱེད་རྒྱུ། མཚོ་སྔོན་གྱི་གསར་འགྱུར་གླེང་ཕྱོགས་ལས་དོན་འཕེལ་རྒྱས་ལ་བློ་འདོན་ཇུས་འབུལ་བྱས་མཐར། མཉམ་དུ་ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བར་སྐུལ་འདེད་གཏོང་བར་ཅིས་ཀྱང་། དུས་རབས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་འཇོག་དགོས་ཟེར།

ཚོགས་ཐོག་ནས་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ཏང་གི་ཚགས་པར་ཁང་བཅོ་བརྒྱད་ཀྱི་འགོ་གཙོ་དང་། སྤྱི་ཁྱབ་རྩོམ་སྒྲིག་པ་སོགས་མི་སུམ་ཅུ་ལྷག་གིས། ཏང་གི་ཚགས་པར་གྱི་བཅར་འདྲི་དང་རྩོམ་སྒྲིག་ལས་སྒོའི་བཅོས་སྒྱུར་འཕེལ་རྒྱས་དང་། རྒྱལ་ཡོངས་སྨྱན་སྦྱོར་ལས་རིགས་ཀྱི་བསམ་ཚུལ་བརྗེ་རེས་མཐུན་སྦྱོར་སོགས་ཀྱི་བརྗོད་གཞི་དཀྱིལ་སྙིང་དུ་བཟུང་ནས་བགློ་གླེང་འཁྲུག་ཆ་དོད་པོ་ཞིག་བྱས།དུས་ཡུན་གཟའ་འཁོར་གཅིག་གི་བྱ་འགུལ་ཁྲོད་དུ། ཚོགས་ཞུགས་སྨྱན་བྱེད་སྡེ་ཁག་གི་འཐུས་མི་སོ་སོ་ན་གོར་མོ་སོགས་སུ་སོང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ན་གོར་མོར་གཟིགས་ཞིབ་མཛད་དེ་ལོ་འཁོར་གཉིས་འགོར་བའི་རིང་གི་དཔལ་འབྱོར་འཕེལ་རྒྱས་གནས་ཚུལ་སོགས་བརྗོད་དོན་དུ་བཟུང་ནས་བཅར་འདྲི་གཏིང་ཟབ་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།