རྩེ་ཁོག་རྫོང་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་དང་རྒྱལ་ཁབ་བདེ་འཇགས་གཞུང་ལས་ཁང་གཉིས་ཀྱིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་དྲིལ་སྒྲོག་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་ལག་བསྟར་གནད་བསྡུས(2015—2020ལོ)》དང་།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི《མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི》ལག་ལེན་དོན་འཁྱོལ་བྱེད་པ་དང་། རྩེ་ཁོག་རྫོང་གི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ།  རྩེ་ཁོག་རྫོང་གི《“ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་གཅིག་བསྡུས་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་སྤེལ་བའི་བརྡ་སྦྱོར”》(རྩེ་སྲིད་གཞུང་ལས་ཁང་གི་ཡིག་ཨང〔2018〕75བའི)ཡིག་ཆའི་དགོངས་དོན་ལྟར། ཟླ7པའི་ཚེས25ཉིན། རྫོང་མི་དམངས་སྲིད་གཞུང་གི་བཀོད་སྒྲིག་ལྟར། རྫོང་མི་རིགས་སྐད་ཡིག་གཞུང་ལས་ཁང་དང་རྒྱལ་ཁབ་བདེ་འཇགས་གཞུང་ལས་ཁང་གཉིས་ཀྱིས་རྫོང་རིག་གནས་ཐང་ཆེན་དུ“ཁྲིམས་ལྟར་སྲིད་བསྐྱང་སྟེ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་དགོས”ཞེས་པ་བརྗོད་གཞི་ཡིན་པའི་ཁྲིམས་ལུགས་དྲིལ་སྒྲོག་བྱ་འགུལ་སྤེལ།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།