ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོའི་ཏང་རྩ་འཛུགས་ཀྱིས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་ཏང་ཨུའི་ཏང་འཛུགས་གཞུང་སྒྲུབ་ཁང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་གཞུང་སྒྲུབ་ཁང་། ཞིང་ཆེན་ཁྲིམས་ལུགས་ཁྱབ་གདལ་གཞུང་སྒྲུབ་ཁང་བཅས་ཀྱི་འབྲེལ་ཡོད་རེ་བ་ལྟར། བཀོད་སྒྲིག་ནན་མོ་དང་རྩ་འཛུགས་ཞིབ་མོ་བྱས་པ་དང་། བྱེད་ཐབས་བཟང་བོ་སྤྱད་པ་དང་གྲུབ་འབྲས་ལ་དོ་སྣང་བྱས་ཏེ། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ་ནས། ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཡིག་སློབ་སྦྱོང་བྱེད་པ་དང་། ཏང་གི་སྒྲིག་ཡིག་བརྩི་སྲུང་བྱེད་པ། ཏང་གི་སྒྲིག་ཡིག་ལག་བསྟར་བྱེད་པ། ཏང་གི་སྒྲིག་ཡིག་ལ་སྲུང་སྐྱོབ་དང་རྩ་ཁྲིམས་ལ་བརྩི་མཐོང་བྱེད་པ། རྩ་ཁྲིམས་སློབ་སྦྱོང་དང་རྩ་ཁྲིམས་བརྩི་སྲུང་། རྩ་ཁྲིམས་སྲུང་སྐྱོབ། རྩ་ཁྲིམས་བཀོལ་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས། གྲུབ་འབྲས་མི་དམན་པ་བླངས།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་ཁྲིམས་ལུགས་གཞུང་སྒྲུབ་ཁང་། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཐིན། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན། ཞིང་ཆེན་བསྡོམས་རྩིས་ཅུའུ། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་སྡེ་ཁག་གིས་ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་རྩ་ཁྲིམས་ཤེས་བྱ་སློབ་སྦྱོང་བྱེད་པའི་བྱ་འགུལ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པའི་བྱེད་ཐབས་གལ་ཆེན་དུ་བརྩི་བ་དང་། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་གོ་བདུན་ལོན་པར་རྟེན་འབྲེལ་ཞུ་བའི་ནང་དོན་གཙོ་བོར་བརྩིས་ནས། སློབ་གཉིས་བྱེད་གཅིག་སློབ་སྦྱོང་སློབ་གསོ་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན་དུ་བསྒྱུར་བ་དང་སློབ་གཉིས་དང་སྐུལ་འདེད་གཉིས་ཀྱི་བྱ་འགུལ་དང་ཟུང་འབྲེལ་དམ་པོ་བྱེད་པ་དང་། རྩ་འཛུགས་ནན་མོ་དང་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ལ། རང་འགུལ་གྱིས་སློབ་སྦྱོང་བྱ་བ་སྤེལ་བ་དང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྔོན་དུ་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་གཏིང་ཟབ་བྱས་ནས། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་སློབ་སྦྱོང་སློབ་གསོ་དེ་བྱ་བ་དང་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་འདྲེས་པར་བྱས། ཞིང་ཆེན་ཁྲིམས་ཁང་དང་ཞིང་ཆེན་ཁྲིམས་འཛིན་ཐིན། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་ནགས་ལས་ཐིན། ཞིང་ཆེན་གནས་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཟས་རིགས་དང་སྨན་བཅོས་ལྟ་སྐུལ་དོ་དམ་ཅུའུ། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཅུའུ། ཞིང་ཆེན་ལུས་རྩལ་ཅུའུ། ཞིང་ཆེན་ཁྲལ་དོན་ཅུའུ། ཞིང་ཆེན་མི་དམངས་མཁའ་སྲུང་གཞུང་སྒྲུབ་ཁང་སོགས་ཀྱིས་ཁྲིམས་ལུགས་ལས་ཁུངས་སུ་སྐྱེལ་བའི་བྱ་འགུལ་འདྲེན་བྱེད་དུ་བྱས་ནས། ལས་ཁུངས་ཀྱིས་ཁྲིམས་ལུགས་སློབ་སྦྱོང་དང་ཁྲིམས་ལུགས་བཀོལ་སྤྱོད་བྱེད་པའི་ལམ་ལུགས་སྣ་ཚོགས་དང་སུས་ཁྲིམས་ལག་བསྟར་བྱེད་ན་སུས་ཁྲིམས་ལུགས་ཁྱབ་གདལ་བྱེད་པའི་བྱ་བའི་འགན་འཁྲི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་། བྱ་འགུལ་གྱི་ཇུས་གཞི་བཟོས་ཏེ། སློབ་སྦྱོང་སློབ་གསོའི་ནང་དོན་དང་བྱ་བའི་གོ་རིམ་སོགས་གཏན་ཁེལ་གསལ་བོ་བྱས་པ་དང་། རེ་བ་བྱེ་བྲག་བཏོན་ནས། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་སློབ་སྦྱོང་བྱེད་པའི་བྱ་འགུལ་གྱི་རྩ་འཛུགས་འགོ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན།
མཚོ་སྔོན་ཞིང་ཆེན་ཞིབ་བཤེར་ཁང་གིས་མཚོ་སྔོན་ཞིབ་བཤེར་དྲ་བ་དང་སྐད་འཕྲིན་གཉིས་དང་མགྲོན་སྣེ་གཅིག་གི་སྨྱན་བྱད་བེད་སྤྱད་དེ། སྣང་བརྙན་ཐད་མཐོང་དང་སློབ་སྦྱོང་གི་དཔྱད་གཞིའི་ཡིག་ཆ་ཕུན་སུམ་ཚོགས་པ་འདོན་སྤྲོད་བྱས་པ་དང་། དུས་ལྟར་སློབ་སྦྱོང་གི་ནང་དོན་དང་ཆ་འཕྲིན་སྤེལ་ལ། ཏང་ཡོན་དང་ཉེན་རྟོག་པས་དྲ་རྒྱ་སྤྱད་དེ་རང་བདག་སློབ་སྦྱོང་དང་ཕན་ཚུན་བརྗེ་རེས་བྱེད་པར་སྣེ་ཁྲིད་བྱས་པ་དང་། སློབ་སྦྱོང་སློབ་གསོ་དང་དྲིལ་སྒྲོག་རྣམ་པར་གསར་གཏོད་བྱས་ནས། གླེང་ཕྱོགས་ཀྱི་སྣང་ཚུལ་བཟང་བོ་སྐྲུན། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ལས་ཁུངས་ཀྱི་ཏང་འཛུགས་དུས་དེབ་དང་དྲ་ཚིགས། ཁ་པར་མགྲོན་སྣེ། འབྲེལ་ཡོད་གསར་འགྱུར་མདོར་བསྡུས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། ཆེད་དོན་ཆེད་སྒྲིག་ལས་པ་དང་དུས་ལྟར་སློབ་སྦྱོང་གི་ཡིག་ཆ་འདོན་སྤྲོད་བྱས་པ་དང་། ལས་ཁུངས་སོ་སོས་ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་སློབ་སྦྱོང་བྱས་པའི་གནས་ཚུལ་དྲིལ་སྒྲོག་དང་བརྗེ་རེས་བྱས་ལ། དྲིལ་སྒྲོག་བྱེད་ཤུགས་དང་ཤན་ཤུགས་ཐེབས་ཚད་ཇེ་ཆེར་བཏང་། མཚོ་སྔོན་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གིས་གཞུང་སྒྲུབ་ཕྱོགས་བསྡུས་སྟེགས་བུ་འདྲེན་བྱེད་དུ་བྱས་ནས། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་སྐོར་གྱི་འབྲེལ་ཡོད་ནང་དོན་སྤེལ་བ་དང་། སློབ་སྦྱོང་སློབ་གསོ་སྤེལ་ཤུགས་ཆེ་རུ་བཏང་། ཞིང་ཆེན་ཚན་རྩལ་ཐིན་གྱིས་སྡེ་སྡོད་དབུལ་སྐྱོར་རུ་ཁག་དང་ཏང་ཡོན་སྡོད་ཁུལ་དུ་སྐྱོད་པ། བཞི་བའི་ཚེས་བཅོ་ལྔ་ཉིན་གྱི་རྒྱལ་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོ་སོགས་ལ་རྒྱབ་རྟེན་ནས་ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ་ནས། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་སློབ་སྦྱོང་སློབ་གསོའི་གཞི་ཁྱོན་རྒྱ་སྐྱེད། ཞིང་ཆེན་གནས་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་གསུམ་དང་སློབ་ཁྲིད་གཅིག་དང་མཚོ་སྔོན་གནས་སྐོར་གྱི་སློབ་ཁྲིད་ཆེན་མོ། མཚོ་སྔོན་གནས་སྐོར་སྲིད་དོན་དྲ་བ་དང་སྐད་འཕྲིན་སོགས་བེད་སྤྱད་དེ། སློབ་སྦྱོང་སློབ་གསོར་ཤུགས་སྣོན་བྱས་པ་དང་། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་སློབ་སྦྱོང་བྱེད་པའི་སྣང་ཚུལ་སྟུག་པོ་གྲུབ་པར་བྱས།
ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལས་ཁུངས་དང་ཞིང་ཆེན་སྲིད་གྲོས་ལས་ཁུངས། ཞིང་ཆེན་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྒྲིག་ལུགས་གཞུང་སྒྲུབ་ཁང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ལས་བྱེད་པ་རྒན་པ་ཅུའུ། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་རྒྱལ་ཁབ་བདེ་འཇགས་ཐིན། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་རྩིས་བཤེར་ཐིན་སོགས་ལས་ཁུངས་ཀྱིས་འགོ་ཁྲིད་ལས་བྱེད་པའི་གནད་འགག་གྲངས་ཉུང་ལ་དམ་འཛིན་བྱས་པ་དང་།ལྟེ་གནས་ཚན་ཆུང་སློབ་སྦྱོང་གྲོས་ཚོགས་སྟེང་ཆེད་དུ་ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་སློབ་སྦྱོང་བྱས་ལ། ཆེད་མཁས་པ་དང་དགེ་རྒན་ཆེན་མོ་གདན་ཞུ་བྱས་ནས་ཟུར་ཁྲིད་འཆར་ཁྲིད་སྤེལ་པ་མ་ཟད། འགོ་ཁྲིད་ལས་བྱེད་པས་འགོ་ཁྲིད་དེ་སློབ་སྦྱོང་དང་སྒྲོག་འགྲེལ་བྱས་པ་དང་། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས། ཀྲི་པུའུ་དང་ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་ལ་སྣེ་ཁྲིད་བྱས། ཞིང་ཆེན་ཞིབ་བཤེར་ཁང་གིས་བཞི་ཅན་གཅིག་གི་བྱ་འགུལ་སྤེལ་ནས། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་སློབ་སྦྱོང་བཟང་བོ་བྱེད་པར་ཁག་ཐེག་བྱས། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་བཟོ་ཚོང་ཅུའུ། ཞིང་ཆེན་ས་འགུལ་ཅུའུ་སོགས་ལས་ཁུངས་ཀྱིས་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་བར་ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱི་ཞོར་འདེགས་སློབ་སྦྱོང་དཔྱད་ཡིག་དང་དཔེ་ཆ་ཉོ་སྒྲུབ་བྱས་པ་དང་། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱི་ཤེས་འོས་པའི་ལག་དེབ་རྩོམ་སྒྲིག་པར་འདེབས་བྱས་ཏེ། ཏང་ཡོན་ལས་བྱེད་པ་ཚོས་དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་བྱེད་པར་སྟབས་བདེ་སྐྲུན། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བདུན་གཅིག་ལ་རྟེན་འབྲེལ་ཞུ་བ་དང་ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་སློབ་སྦྱོང་བྱེད་པའི་ཤེས་བྱ་འགྲན་བསྡུར་བྱ་འགུལ་བཀོད་སྒྲིག་བྱས་པ་དང་། ལས་ཁུངས་སོ་སོ་ནས་རྣམ་པ་སྣ་མང་སྤྱད་དེ་སློབ་སྦྱོང་དང་འགྲན་བསྡུར་བྱ་འགུལ་སྤེལ་བ་དང་། ཏང་འཛུགས་འབྲེལ་འདྲིས་ཚན་ཆུང་གིས་སློབ་སྦྱོང་འགྲན་བསྡུར་སྤེལ་བའི་རྨང་གཞིའི་སྟེང་། ཏང་འཛུགས་འབྲེལ་འདྲིས་ཚན་ཆུང་འཐུས་ཚབ་རུ་ཁག་དྲུག་ཞུགས་པའི་བདུན་གཅིག་ལ་རྟེན་འབྲེལ་ཞུ་བ་དང་ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་སློབ་སྦྱོང་བྱེད་པའི་ཤེས་བྱ་འགན་སྡུར་གྱི་རྟིང་རྩོད་འགྲན་བསྡུར་སྤེལ་ནས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ནས་ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར་བར་བྱས། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་དང་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན། ཞིང་ཆེན་རྒྱུ་སྤུས་ལྟ་སྐུལ་ཅུའུ། ཞིང་ཆེན་ཚན་རིག་མཐུན་ཚོགས། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་སྔོན་པོ་ལྗོངས་རྒྱུ་ཁུལ་དོ་དམ་ཅུའུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་འབྲུ་རིགས་ཅུའུ། ཞིང་ཆེན་་ཞིབ་བཤེར་སྤྱིའི་རུ་ཁག་སོགས་ལས་ཁུངས་ཀྱི་ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་སློབ་སྦྱོང་བྱེད་པའི་བྱ་འགུལ་ཁྲོད། ཀྲི་པུའུ་དང་ཏང་ཡོན་ལས་བྱེད་པ། ལས་བཟོ་བའི་སློབ་སྦྱོང་ལ་ཤུགས་བསྣན་ནས། སློབ་སྦྱོང་སློབ་གསོའི་གཞི་ཁྱོན་དང་ཁེབས་ཚད་རྒྱ་སྐྱེད། དེ་དང་མཉམ་དུ། སློབ་སྦྱོང་གི་མྱོར་ཚོར་མཉམ་སྤྱོད་བྱས་ནས། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ཇེ་དྲག་ཏུ་བཏང་། ཞིང་ཆེན་ཞིང་ཕྱུགས་ཐིན་དང་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་གནམ་གཤིས་ཅུའུ། ཞིང་ཆེན་ཞིབ་བཤེར་སྤྱིའི་རུ་ཁག་སོགས་ལས་ཁུངས་ཀྱིས་ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་སློབ་སྦྱོང་གི་ཚད་ལེད་ཚོད་ལྟ་སྤེལ་ནས། སློབ་སྦྱོང་གི་གྲུབ་འབྲས་ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་། སློབ་སྦྱོང་སློབ་གསོ་ལག་བསྟར་ནན་མོ་བྱེད་པར་སྐུལ་འདེད་བཏང་། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ཡིས་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་བ་གཞི་རིམ་དུ་སྐྱོད་ཚད་མང་པའི་གནས་ཚུལ་དངོས་ལ་ཁ་གཏད་དེ། ཁ་བྱང་མཛོད་འཛུགས་པ་དང་། མི་སྒེར་གྱིས་རང་སྦྱོང་བྱེད་པ། ཁག་བགོས་ནས་གཅིག་བསྡུས་བྱེད་པ། གཙོ་གནད་ལ་ཤུགས་སྣོན་པའི་རྣམ་པ་བརྟེན་ནས། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཤེས་བྱ་ཕྱོགས་བསྒྲིགས་བྱས་ནས་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་བ་རེ་རེའི་ལག་ཏུ་བཀྲམས་པ་མ་ཟད། ཀྲི་པུའུ་སོ་སོ་གཞི་རིམ་དུ་སྐྱོད་པའི་གནས་ཚུལ་ལྟར། ཁག་བགོས་ནས་གཅིག་བསྡུས་ཀྱིས་མི་སྣ་རྩ་འཛུགས་བྱས་ནས་སློབ་སྦྱོང་འགྲན་བསྡུར་སྤེལ་ནས། མི་གཅིག་ཀྱང་ཆད་ལུས་མི་བྱེད་པར་ཡོངས་སུ་ཁེབས་པར་ཁག་ཐེག་བྱས།།
རྩོམ་སྒྲིག་པ། ཀླུ་མོ་མཚོ།
མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་སློབ་སྦྱོང་བྱེད་པའི་བྱ་འགུལ་ཐད་ནས་གྲུབ་འབྲས་བཟང་བོ་བླངས།