གུང་ཧོ་རྫོང་གིས་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ངོ་ལོ་གོ་བདུན་འགོར་པར་རྟེན་འབྲེལ་ཞུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསྟུད་མར་ཉིན་འགའི་རིང་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ་རླབས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ངོ་ལོ་གོ་བདུན་འགོར་པར་རྟེན་འབྲེལ་ཞུས།

བྱ་འགུལ་ཁྲོད། གུང་ཧོ་རྫོང་གི་མགོ་ཁྲིད་ཚན་ཁག་བཞིའི་ཏང་ཡོན་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་དཀའ་ཁག་ཡོད་པའི་ཏང་ཡོན་དང་ཏང་ཡོན་རྒན་པ། གཞུང་དོན་གྱི་ཆེད་དུ་ཚེ་ལས་འདས་པའི་ཏང་ཡོན་གྱི་ཁྱིམ་མིར་འཚམས་འདྲི་བྱས་པ་དང་། གཞི་རིམ་ཏང་རྩ་འཛུགས་སོ་སོས་ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་དང་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པའི་གྲུབ་འབྲས་ལ་ཕྱིར་དྲན་བྱེད་པ་བརྗོད་གཞི་ཡིན་པའི་རྩ་འཛུགས་འཚོ་བའི་བྱ་འགུལ་སྤེལ། རྫོང་ཏང་ཨུའི་རྩ་འཛུགས་པུའུ་དང་རྫོང་ཐད་གཏོགས་ལས་ཁུངས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་སྒོས་བདུན་གཅིག་བསུ་བ་དང་། དབྱངས་རྟ་གཙོ་བོ་དར་སྤེལ་བཏང་སྟེ་ཏང་དང་མཉམ་དུ་འཚར་ལོངས་འབྱུང་ཞེས་པའི་གཏམ་བཤད་འགྲན་སྡུར་དང་། རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཏང་ཀྲི་པུའུ་ཡིས་ཏང་གི་ལོ་རྒྱུས་གླེང་བ་དང་ཏང་གི་གནས་ཚུལ་ཤེས་པ་ཞེས་པའི་ཏང་གི་སློབ་ཁྲིད། རྫོང་ལས་བྱེད་པ་རྒན་པའི་ཅུའུ་ཡི་སྤྱི་ཁྱབ་ཏང་ཀྲི་པུའུ་ཡིས་ཆབ་སྲིད་དང་སློབ་སྦྱོང་། སྒྲིག་སྲོལ། ཀུན་སྤྱོད། དྲིན་གཟོ་སོགས་ཀྱི་ཏང་གི་ཉིན་མོའི་བྱ་འགུལ་སྤེལ་ནས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ཏེ་ལོ་ངོ་གོ་བདུན་ལོན་པར་ལེགས་སྐྱེས་སུ་ཕུལ།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།