མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་དང་འབྲེལ་བའི་སྐོར་གྱི་དགོངས་པར་ཆེད་དོན་སློབ་སྦྱོང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་དང་འབྲེལ་བའི་སྐོར་གྱི་དགོངས་པར་ཆེད་དོན་སློབ་སྦྱོང་བྱས་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ཀྲང་ཀོང་རོང་གིས་ཚོགས་འདུར་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། 

ཚོགས་འདུ་ལས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་འདུ་ཤེས་གསར་བ་དང་དགོངས་པ་གསར་བ། རེ་བ་གསར་བ་རབ་དང་རིམ་པ་བཏོན་པས། སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་འཛུགས་སྐྲུན་བྱེད་པའི་གཞུང་ལུགས་དང་ལག་ལེན་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་བའི་འོག་ཏུ་དམངས་ཆེན་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་། དམངས་ཆེན་གཞུང་ལུགས་ཕུན་ཚོགས་སུ་གཏོང་བ། དམངས་ཆེན་བྱ་བར་སྐུལ་འདེད་བྱེད་པ། དམངས་ཆེན་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པའི་ཐད་དུ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན་པར་མ་ཟད། བསམ་བློའི་མཚོན་ཆ་དང་འགུལ་སྐྱོད་ཕྱོགས་སྟོན་འདོན་སྤྲོད་བྱས་ཟེར། 
ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་ངོས་འཛིན་ཟབ་མོ་དང་གོ་བ་ཡང་དག་བླངས་ནས། སྔར་ལས་ལྷག་པའི་སྒོ་ནས“འདུ་ཤེས་བཞི”སྲ་སྒྱུར་དང“རང་རྟོན་བཞི”བརྟན་པར་བྱས་ཏེ་གཙོ་འཛིན་ལ་སློབ་སྦྱོང་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་རང་རྟོན་བརྟན་པར་བྱེད་པ་དང་། བསམ་བློའི་སྟེང་ནས་ངོས་འཛིན་གནད་དུ་འཁེལ་བ་དང་ཆབ་སྲིད་སྟེང་ནས་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་པ། འགུལ་སྐྱོད་སྟེང་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་དེ་དུས་རབས་དང་མཐུན་པ་དང་འཐུས་ཚང་འཕེལ་རྒྱས་སུ་འགྲོ་བར་མུ་མཐུད་དུ་སྐུལ་འདེད་བྱེད་དགོས། སློབ་སྦྱོང་བྱེད་པ་དང་བསམ་བློ་གཏོང་བ། ཤེས་སྤྱོད་ཟུང་འབྲེལ་བྱས་ཏེ། གཙོ་འཛིན་གྱི་དགོངས་པའི་མཛུབ་ཁྲིད་འོག་ཏུ་ཁྲིམས་ལྟར་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འོས་འགན་དེ་ལྷག་བསམ་རྣམ་དག་གིས་བསྒྲུབ་དགོས་ཤིང་། ཁག་ཁུར་བྱེད་ཕོད་པ་དང་ཧུར་ཐག་གིས་བྱ་བ་བསྒྲུབ་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བ་དངོས་འབེབས་བྱེད་དགོས་ལ། རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་བྱ་བ་དངོས་འཛིན་བྱས་ཏེ། དུས་རབས་གསར་བའི་མཚོ་སྔོན་གྱི་དམངས་ཆེན་བྱ་བའི་རྣམ་པ་གསར་བ་གསར་སྐྲུན་བྱེད་པར་འབད་བརྩོན་བྱེད་དགོས་ཟེར། 
ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་མཱ་ཝེ་དང་ཀའོ་ཧྭ། ཏང་ཙུའུ་ཁོངས་མི་ཉི་མ་སྒྲོལ་མ་དང་ཝུའུ་ཧེ་ཁུན། ཅཱ་དབྱིན་ཀྲུང་བཅས་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཐུང་ཏི་དང་ལས་ཁུངས་ཀྱི་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པ་ཚོགས་འདུར་ཟུར་ཞུགས་བྱས།
 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།