མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་གོ་བདུན་ལོན་པར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་སྐྱེས་སྐར་ཐོན་ལ་ཉེ་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཨུས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་གོ་བདུན་ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཐིན་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོས་འདུ་ཤེས་བརྟན་པོ་འཛུགས་པ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྟོབས་ཤུགས་གཅིག་སྒྲིལ་དང་སྤོབས་པ་ཆེར་སྐྱེད། རང་འགན་ལ་རྐང་བཙུགས་ནས། ལྔ་བཞི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ་དང་། ཧུར་ཐག་གིས་མཚོ་སྔོན་འཕེལ་རྒྱས་ཀྱི་ལེའུ་གསར་བ་འབྲི་བའི་འབོད་སྐུལ་བཏང་།

ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་གོ་བདུན་རིང་གི་འོད་སྟོང་འབར་བའི་ལོ་རྒྱུས་ཕྱིར་དྲན་བྱས་པ་དང་། ཏང་གི་ཡང་དག་འགོ་ཁྲིད་འོག མེས་རྒྱལ་གྱིས་ཁྱབ་ཁོངས་སོ་སོ་ནས་བླངས་པའི་ཀུན་གྱིས་བརྩི་མཐོང་བྱེད་པའི་གྲུབ་འབྲས་གླེང་རྗེས། ཏང་གི་བྱ་བ་སྒྲུབ་མཁན་གྱི་འཐུས་ཚབ་པ་བཞི་ཡིས་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་ཏང་གི་བྱ་བ་སྤེལ་བའི་ཉམས་མྱོང་དང་བྱེད་ཐབས་བརྗེ་རེས་བྱས་པ་མ་ཟད། ཏང་གི་བྱ་བ་དང་ལས་སྒོ་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པའི་བསམ་ཕྱོགས་དང་བྱེད་ཐབས་བཏོན།

ཚང་མས་མཐའ་གཅིག་ཏུ། ཕུགས་འདུན་ཡིད་རྟོན་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། སློབ་སྦྱོང་གི་འདུ་ཤེས་དང་མང་ཚོགས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཧུར་ཐག་གིས་ཆབ་སྲིད་ཀྱི་འདུ་ཤེས་བརྟན་པོ་དང་ནུས་པ་ཇེ་མཐོར་གཏོང་བ། བརྟག་བཤེར་ཞིབ་འཇུག་བྱ་བ་གཏིང་ཟབ་ཏུ་སྤེལ་བ། མང་ཚོགས་ཡིད་ཚིམ་མིན་དེ་ང་ཚོའི་ནམ་ཡང་བྱ་བ་བཟང་བོར་བསྒྲུབ་པའི་ཚད་གཞི་དང་རེ་བ་རུ་བྱེད་པ། ལྔ་བཞི་འཐབ་ཇུས་ལག་བསྟར་ནན་མོ་བྱས་ཏེ། མཚོ་སྔོན་ཞིང་ཆེན་དེ་སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་ཏུ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན་པའི་ཚུལ་བསྟན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།