མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་ཟབ་མོ་བྱེད་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་ཟབ་མོ་བྱེད་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས་པ་དང་།«ཀྲུང་གུང་ཀྲུང་དབྱང་གི<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས>སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་ཟབ་མོ་བྱེད་པའི་སྐོར་གྱི་བསམ་འཆར»དང་ཞིང་ཆེན་ཏང་ཨུའི་ལག་བསྟར་བསམ་འཆར་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་པར་མ་ཟད་བརྗེ་རེས་གཏམ་བཤད་སྤེལ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་ཚོགས་འདུར་ཞུགས་ནས་གཏམ་བཤད་པ་དང་། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མཱ་ཝེ་ཡིས་ཚོགས་འདུར་འགོ་འཛིན་བྱས།

ཀྲང་ཀོང་རོང་གིས་ཐེངས་འདིའི་བཞུགས་མོལ་ཚོགས་འདུ་གོ་སྐབས་སུ་བརྩིས་ཏེ། ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བ་ལག་བསྟར་དངོས་འབེབས་བྱས་ནས། ངེས་པ་དོན་གྱིས་རྩ་ཁྲིམས་ལ་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་ཟབ་མོ་བྱེད་པའི་རང་འགུལ་རང་བཞིན་དང་འགྱུར་མེད་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། ཧུར་ཐག་གིས་རྩ་ཁྲིམས་ལ་སློབ་སྦྱོང་ཟབ་མོ་བྱེད་པའི་མཁའ་དབུགས་ལེགས་པོ་ཆགས་པར་བྱེད་པ། རིམ་པ་སོ་སོའི་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་ལག་བསྟར་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྩ་ཁྲིམས་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་ཟབ་མོ་བྱེད་པའི་བྱ་བ་ནན་ཏན་དང་དངོས་འཛིན་བྱས་ནས་གྲུབ་འབྲས་ལེན་དགོས། ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ནན་ཏན་གྱིས་ལག་བསྟར་དངོས་འབེབས་བྱེད་པ། ལས་འགན་གསར་བ་དང་འགན་འཁྲི་གསར་བ། རེ་བ་གསར་བར་དམ་དུ་དམིགས་པ། རྩ་ཁྲིམས་ཀྱི་རྨང་གཞི་བརྟན་པོ་འཛུགས་པ་དང་རྩ་ཁྲིམས་ཀྱི་བརྗིད་ཉམས་ཆགས་པར་བྱེད་པ། རྩ་ཁྲིམས་ཀྱི་ནུས་པ་མངོན་པར་བྱས་ནས་བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཐད་དུ་བྱས་རྗེས་གསར་བ་འཇོག་དགོས་པའི་རེ་བ་བཏོན། 

མཱ་ཝེ་ཡིས་ནན་གྱིས་བསྟན་དོན། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་བྱེད་ཐབས་གསར་གཏོད་བྱེད་པ། འགན་ནུས་འདོན་སྤེལ་བྱས་ཏེ། རྩ་ཁྲིམས་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་ཟབ་མོ་བྱེད་པར་འགན་སྲུང་བྱེད་པའི་ཐད་ནས་མཐོང་ལམ་གསར་བར་སླེབས་པར་བྱེད་པ་དང་གསར་སྐྲུན་གསར་བ་ཐོབ་པར་བྱེད་པ། གྲུབ་འབྲས་གསར་བ་ལོན་པར་བྱེད་དགོས་ཟེར།

ཟི་ལིང་ན་ཡོད་པའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཀྱི་མི་སྣ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛུགས་རིག་མཛོད་ཀྱི་ཆེད་མཁས་པ་ཁ་ཤས། གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུགས་བྱེད་གནས་ཀྱི་འགན་ཁུར་བ་ཁ་ཤས། གྲོང་ཁྱེར་དང་ཁུལ་སོ་སོ་དང་། རྫོང་དང་གྲོང་ཁྱེར། ཆུའུ་ཁ་ཤས་བཅས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ། ཞིང་ཆེན་དམངས་ཆེན་ལས་ཁུངས་ཀྱི་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་མི་སྣ་བཅས་ཚོགས་འདུར་ཞུགས།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།