ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་བརྒྱད་ཉིན། ཚོགས་ཡུན་ཉིན་གཉིས་ཡིན་པའི་ཉིས་སྟོང་བཅོ་བརྒྱད་ལོའི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དང་ཁོར་ཡུག་ཆ་འཕྲིན་རིག་པའི་བགྲོ་གླེང་ཚོགས་འདུ་ཟི་ལིང་ནས་ཚོགས། རྒྱལ་ནང་གི་ཆེད་མཁས་པ་དང་ཤེས་ཡོན་ཅན་ཉི་ཤུ་ལྷག་གིས་རིགས་གཞུང་གཏམ་བཤད་དང་བརྗེ་རེས་གྲོས་བསྡུར་བྱས་པ་དང་། ཚོགས་ཞུགས་ཆེད་མཁས་པས་རྨ་འབྲི་རྫ་གསུམ་གྱི་སྐྱེ་ཁམས་ཁོར་ཡུག་འགྱུར་ལྡོག་དང་སྐྱེ་ཁམས་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་ཡིད་འཇོག་ཆེན་པོ་བྱེད་ཀྱིན་ཡོད་པར་མ་ཟད་གདེང་འཇོག་ཆེན་པོ་གནང་བ་དང་གྲོས་གཞི་བཏོན།
ཀྲུང་གོ་ཁོར་ཡུག་ཚན་རིག་སློབ་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཀྲུང་གོ་ཚན་རིག་གླིང་ས་གཤིས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་ཁང་དང་ཆིན་ཧྭ་སློབ་ཆེན། ཁྲིན་ཏུའུ་དངོས་ལུགས་སློབ་ཆེན་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པ་དང་། མཚོ་སྔོན་ཞིང་ཆེན་ཁོར་ཡུག་ཚན་རིག་སློབ་ཚོགས་ཀྱིས་རོགས་སྒྲུབ་བྱས་པའི་ཉིས་སྟོང་བཅོ་བརྒྱད་ལོའི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དང་ཁོར་ཡུག་ཆ་འཕྲིན་རིག་པའི་བགྲོ་གླེང་ཚོགས་འདུའི་དམིག་ཡུལ་ནི། རང་རྒྱལ་གྱི་སྐྱེ་ཁམས་དང་ཁོར་ཡུག་ཕྱོགས་བསྡུས་དབྱེ་ཞིབ་དཔེ་དབྱིབས་དང་རིགས་གཞུང་མ་ལག་ཕུན་སུམ་ཚོགས་པར་འགྲོ་བར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་དང་ཁོར་ཡུག་ཆ་འཕྲིན་རིག་པ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བར་མ་ཟད། ཆེད་མཁས་པ་དང་ཤེས་ཡོན་ཅན་རྣམས་ཀྱིས་བརྗེ་རེས་དང་གྲོས་བསྡུར་བྱས་པ་བརྒྱུད་དེ་ཧུར་ཐག་སྒོས་སྐྱེ་ཁམས་ཁོར་ཡུག་ཆ་འཕྲིན་ཅན་འཛུགས་སྐྲུན་བྱ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཡིན། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
ཚོགས་ཡུན་ཉིན་གཉིས་ཡིན་པའི་ཉིས་སྟོང་བཅོ་བརྒྱད་ལོའི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དང་ཁོར་ཡུག་ཆ་འཕྲིན་རིག་པའི་བགྲོ་གླེང་ཚོགས་འདུ་ཟི་ལིང་ནས་ཚོགས།