ད་ལོར་ཞིང་ཆེན་ཡོངས་ནས་རྒྱལ་ཁོངས་ལྗང་སྒྱུར་གྱི་འཕེལ་ཚད་ཇེ་མགྱོགས་སུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཁྱེར་ནས་ཞིང་སྡེ་དང་། ལས་ཁུངས་ནས་སློབ་གྲྭ། བཟོ་གྲྭ་ནས་དམག་སྒར་གང་གིས་ཀྱང་སྡོང་འཛུགས་ནགས་སྐྲུན་དང་རྒྱལ་ཁོངས་ལྗང་སྒྱུར་གྱི་མཐོ་རླབས་བསླངས་པ་དང་། འགུལ་སྐྱོད་བྱས་ཏེ་མཛེས་སྡུག་མཚོ་སྔོན་ལ་ལྗང་མདོག་གིས་མཛེས་པར་བྱས།

ཉེ་སྔོན། མཚོ་ཤར་གྲོང་ཁྱེར་གྱིས་རྒྱལ་ཁོངས་ལྗང་སྒྱུར་རམ་སྡོང་འཛུགས་ནགས་སྐྲུན་གྱི“མཉམ་རུབ་དམག་འཐབ་ཆེན་མོ”རྒྱག་མགོ་བརྩམས་ལ། དེ་ཡིས་མཚོ་ཤར་གྲོང་ཁྱེར་གྱི་སྡོང་འཛུགས་ནགས་སྐྲུན་གྱི་མི་ཁྲི50ཡི“མཉམ་རུབ་དམག་འཐབ་ཆེན་མོ”དངོས་སུ་མགོ་བརྩམས་པ་མཚོན།

ཐེངས་འདིའི་དཔྱིད་དུས་ཀྱི་སྡོང་འཛུགས་ནགས་སྐྲུན་གྱི་མཉམ་རུབ་དམག་འཐབ་ཆེན་མོའི་སྟེང་། མཚོ་ཤར་གྲོང་ཁྱེར་གྱིས་མཁར་ཁུལ་ལྗང་སྒྱུར་རིམ་སྤར་བྱེད་པ་དང་། མྱུར་བགྲོད་གཞུང་ལམ་གྱི་ལམ་མདོ། མཁར་གྲོང་གཙོ་བོ། སློབ་གྲྭའི་ཕྱི་ནང་། ཡུལ་སྐོར་ལྗོངས་ཁུལ། འགྲིམ་འགྲུལ་ལམ་རྒྱུད་བཅས་གཙོ་བོ་བྱས་ཏེ། དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་ཁྲོད་ནས་སྡོང་རྐང་ཁྲི358འཛུགས་རྩིས་ཡོད་པ་དང་། མཁར་ཁུལ་ནས་སྨི་གྲུ་བཞི་མ་ཁྲི38.47ལྗང་སྒྱུར་བྱེད་རྒྱུ་དང་། མི་ཐེངས་ཁྲི50སྡོང་འཛུགས་ནགས་སྐྲུན་དུ་ཞུགས་རྒྱུ་རེད།

ད་ལོར་ཞིང་ཆེན་ལྟེ་གནས་གྲོང་ཁྱེར་གྱིས་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་ཀྱི་སྣེ་ལེན་བྱེད་གནས22གཏན་འབེབས་བྱས་ཏེ། རྒྱལ་ཁོངས་ལྗང་སྒྱུར་དང་མཛེས་སྡུག་ཟི་ལིང་འཛུགས་སྐྲུན་བྱེད་པར་མི་རེ་རེས་སྟོབས་ཤུགས་འབུལ་དུ་འཇུག་རྒྱུ་རེད།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཆུ་གློག་ལམ་གསུམ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་སྡེབ་སྒྲིག་བྱས་ཏེ། ནགས་ཚལ་གྱི་རྒྱ་ཁྱོན་སྔར་བས་ཇེ་ཆེར་གཏོང་བ་དང་། ཆུ་ཁུངས་གསོ་འཁྱོངས་ཀྱི་སྲུང་སྐྱོབ་ལ་ནུས་ཤུགས་གང་ཡོད་བཏོན་ནས། སྐྱེ་ཁམས་ཀྱི་བྱེད་ནུས་ཇེ་མཐོ་དང་ཇེ་དྲག་ཏུ་བཏང་སྟེ། རྨ་ཆུའི་བཞུར་རྒྱུན་དང་དེའི་ཡན་ལག་བཞུར་རྒྱུན་འགྲམ་ངོགས་ཀྱི་རྒྱལ་ཁོངས་སྐྱེ་ཁམས་བདེ་འཇགས་ཀྱི་བཀག་དངོས་འཛུགས་པར་གསར་དུ་ཧུར་བརྩོན་བྱེད་པ་དང་། ད་ལོར་རྒྱལ་ཁོངས་ལྗང་སྒྱུར་གྱི་རྒྱ་ཁྱོན་སྤྱི་ཆིང26958ཡོད།

ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་གཞི་ཁྱོན་ཆེན་མོ་སྟེ་སྤྱི་ཆིང་ཁྲི26.7གྱི་རྒྱལ་ཁོངས་ལྗང་སྒྱུར་བྱེད་པའི་དམིགས་འབེན་དང་སྦྲེལ་ནས། བྱང་གསུམ་འགོག་སྲུང་ནགས་ཚལ་དང་རྨོ་བསྐྱུར་ནགས་སྐྱོང་། བྱེ་འགོག་བྱེ་བཅོས་སོགས་ཀྱི་ནགས་ལས་ཀྱི་བཟོ་འགོད་གཙོ་བོ་བཅས་ལ་གཅིག་གྱུར་གྱིས་སྐུལ་འདེད་བྱས་ཏེ། རྒྱལ་ཁོངས་ལྗང་སྒྱུར་གྱི་ལོ་ངོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།