མཚོ་སྔོན་ཞིང་ཆེན་གྱིས“རྫོང་གཅིག་ལ་རྟེན་གཞི་གཅིག་དང་རྫོང་གཅིག་ལ་ཁྱད་ཆོས་གཅིག”གི་ཏང་ཡོན་སློབ་གསོའི་རྟེན་གཞི43བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཡོན་རེ་རེ་དང་ཁྱད་པར་དུ་གོ་གནས་མེད་པའི་ཏང་ཡོན་གྱིས་རང་ཁྱིམ་ནས་སློབ་གསོ་དང་གསོ་སྦྱོང་ཐོབ་པར་ཁག་ཐེག་བྱེད་ཆེད། 2017ལོར། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཡོངས་སུ་“རྫོང་གཅིག་ལ་རྟེན་གཞི་གཅིག་དང་རྫོང་གཅིག་ལ་ཁྱད་ཆོས་གཅིག”གི་ཏང་ཡོན་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་བྱ་བ་སྤེལ། མིག་སྔའི་བར། ཞིང་ཆེན་ཡོངས་སུ་བསྡོམས་པས་འགན་ནུས་མི་འདྲ་བ་དང་ཁྱད་ཆོས་གསལ་བ། དོ་དམ་བཀོལ་སྤྱོད་འཐུས་ཚང་ཡིན་པའི་ཏང་ཡོན་སློབ་གསོའི་རྟེན་གཞི43བཙུགས་ཡོད་པས། ཏང་ཡོན་ལ་རྒྱུན་ལྡན་ཅན་གྱི་སློབ་གསོ་སྤེལ་བར་གཡུལ་ས་ཁག་ཐེག་བྱས།

ན་ནིང་གི་ཟླ3པར། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཏང་ཡོན་སློབ་གསོ་དང་གསོ་སྦྱོང་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་ཚད་གཞི་གཏན་ལ་ཕབ་པར་མ་ཟད། ད་དུང་དུས་ཐོག་ཏུ་ས་གནས་སོ་སོས་ལག་བསྟར་བྱེད་པའི་རྩ་འཛུགས་བྱས། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་རྩ་འཛུགས་པུའུ་ཡིས་“རྫོང་གཅིག་ལ་རྟེན་གཞི་གཅིག་དང་རྫོང་གཅིག་ལ་ཁྱད་ཆོས་གཅིག”གི་ཏང་ཡོན་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་བྱ་བ་གཙིགས་སུ་བཟུང་ཞིང་། རྟེན་གཞི་འཛུགས་སྐྲུན་དེ་ལོ་འཁོར་མོའི་ཏང་འཛུགས་བྱ་བའི་ནང་དོན་གལ་ཆེན་ནང་བཞག་ནས་དུས་ཐོག་ཏུ་བཀོད་སྒྲིག་བྱས། རྫོང(གྲོང་ཁྱེར་དང་ཆུས)སོ་སོས་སྔོན་ནས་ཡོད་པའི་གསར་བརྗེའི་ལོ་རྒྱུས་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་སློབ་གསོ། ཉེན་བརྡའི་སློབ་གསོ། སྲིད་གཙང་སློབ་གསོ་སོགས་ཡུལ་དངོས་སློབ་གསོའི་རྟེན་གཞི་དང་། ཏང་གི་སློབ་གྲྭ། རོང་འབྲོག་པའི་གསོ་སྦྱོང་སློབ་གྲྭ། ལས་བྱེད་པའི་སློབ་གླིང་སོགས་གསོ་སྦྱོང་རྟེན་གཞིའི་རྨང་གཞིའི་ཐོག རང་སའི་དོན་དངོས་དང་སྦྲེལ་ནས་ད་ཡོད་ཀྱི་སློབ་གསོའི་ཐོན་ཁུངས་ཧྲག་སྡེབ་བྱས།

རྫོང(གྲོང་ཁྱེར་དང་ཆུས)སོ་སོས་ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་བྱ་གཙོ་བོ་དེ་ལ་དམ་པོར་དམིགས་ནས། སློབ་སྒྲུབ་གནས་ཐིག་དང་གསོ་སྦྱོང་གནད་ཆེ་ས་གཏན་འཁེལ་གསལ་པོ་བྱས་ཤིང་། ཁྱད་ལྡན་གྱི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས། སྙིང་སྟོབས་ཀྱི་གོ་དོན་འདོན་སྤེལ་གང་ལེགས་བྱས་ཏེ། “ཏང་གི་སློབ་གྲྭ+”དང“གནས་མང་ཕུང་གཅིག” “སློབ་ཚན་ཕྱི་ནང”སོགས་འཛུགས་སྐྲུན་རིགས་ལམ་བཏོན་ནས་མུ་མཐུད་དུ་སློབ་གསོའི་མཚོན་རྟགས་སྐྱེད་སྲིང་དང་རྟེན་གཞིའི་ཁྱད་ཆོས་བསྐྲུན་པས། རང་སའི་ཁྱད་ཆོས་ལྡན་པའི་སློབ་གསོའི་དཔེ་དབྱིབས་འཚོལ་ཞིབ་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།