ཝང་ཡུས་པའོ་ཡིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ས་ཁུལ་གྱི་འགོས་ནད་རང་བཞིན་གྱི་ནད་རིགས་ཚབས་ཆེན་དང་ཐུམ་འབུའི་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་ཡིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ས་ཁུལ་གྱི་འགོས་ནད་རང་བཞིན་གྱི་ནད་རིགས་ཚབས་ཆེན་དང་ཐུམ་འབུའི་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ནས་བྱ་བའི་རྣམ་པར་དབྱེ་ཞིབ་བྱས་པ་དང་། སྔོན་ཐོན་ས་ཁུལ་དང་ཐུན་མོང་། མི་སྒེར་བཅས་ལ་གཟེངས་བསྟོད་བྱས་པར་མ་ཟད། ལས་འགན་གཙོ་བོར་བཀོད་སྒྲིག་བྱས། ཁོས་འགོས་ནད་ཚབས་ཆེན་གྱི་རིགས་འགོག་བཅོས་བྱེད་པའི་ལས་འགན་ཕྲག་ཏུ་ཁུར་ཏེ་སྟོབས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ལུས་པོའི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།

ཝང་ཡུས་པའོ་ཡིས་བསྟན་དོན། ཐུམ་འབུའི་ནད་ནི་མི་དམངས་མང་ཚོགས་ཀྱི་ལུས་པོའི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་གནོད་པ་ཚབས་ཆེན་ཡོད་པའི་འགོས་ནད་ཚབས་ཆེན་ཞིག་ཡིན་པས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད། ཕྱོགས་བསྡུས་འགོག་བཅོས་བྱས་པ་བརྒྱུད། མང་ཚོགས་ཀྱི་ཆ་སྙོམས་ནད་ཕོགས་ཚད་ཉིས་སྟོང་བཅུ་གཉིས་ལོའི་བརྒྱ་ཆའི་ཐིག་དང་གྲངས་ཆུང་དྲུག་གསུམ་ནས་མིག་སྔར་གྱི་བརྒྱ་ཆའི་ཐིག་དང་གྲངས་ཆུང་གསུམ་དུ་ཇེ་དམར་སོང་ཡོད་པ་དང་། ཐུམ་འབུའི་ནད་བྱུང་ཚད་ལ་ནུས་ཡོད་སྒོས་ཚོད་འཛིན་བྱས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཧྲུའུ་ཅི་ཝང་ཅན་ཅོན་གྱི་བླང་བྱ་གཟབ་ནན་གྱིས་དོན་འཁྱོལ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ལུས་པོའི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་གནོད་པ་ཚབས་ཆེན་ཡོད་པ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་འཕེལ་རིམ་ལ་ཤུགས་རྐྱེན་ཡོད་པའི་དོན་ཆེན་འདི་དམ་འཛིན་བྱས་ཏེ་བློ་བརྟན་འགྱུར་མེད་སྒོས་འགོད་ནད་ཚབས་ཆེན་འགོག་བཅོས་བྱ་བར་རྒྱལ་ཁ་ལེན་དགོས་ཟེར།

ཝང་ཡུས་པའོ་ཡིས་ནན་གྱིས་བསྟན་དོན། ཐུམ་འབུའི་ནད་འགོག་བཅོས་བྱ་བ་དེ་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལག་བསྟར་བྱེད་པའི་ནང་དོན་གལ་ཆེན་དུ་བརྩིས་ཏེ་སྔོན་འགོག་གཙོ་ཡིན་པ་དང་འགོག་བཅོས་ཟུང་སྦྲེལ་བྱེད་པ། ཡུལ་བབ་དང་བསྟུན་པ། མཉམ་ཤུགས་མཁྲེགས་གཏོར་བཅས་རྒྱུན་འཁྱོངས་བྱེད་དགོས། ཐུམ་འབུའི་ནད་འགོག་བཅོས་ཐད་ཀྱི་ཤེས་བྱ་ཁྱབ་གདལ་དང་དྲིལ་སྒྲོག་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ་མང་ཚོགས་ཀྱི་འགོག་བཅོས་ནུས་པ་མཐོར་འདེགས་གཏོང་དགོས། སྒོ་ཁྱི་དང་ཕྱུགས་ཟོག སྲོག་ཆགས། ཆུ་ཁུངས་སོགས་ཀྱི་དོ་དམ་ཇེ་དྲག་ཏུ་བཏང་སྟེ་མི་དང་དངོས་པོའི་འགོག་བཅོས་དང་ལག་རྩལ་མ་ལག་འཐུས་ཚང་དུ་གཏོང་དགོས། སྨན་བཅོས་ཆུ་ཚད་མཐོར་འདེགས་བཏང་སྟེ་སྟོབས་ཤུགས་ཡོད་རྒུས་མང་ཚོགས་ལ་ཞིབ་བཤེར་བྱེད་པ་དང་ནད་རྟགས་ངོས་འཛིན་བྱེད་པ། ནད་པར་སྨན་བཅོས་བྱེད་པ་སོགས་ཀྱི་བྱ་བ་དམ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་ཁེལ་བྱས་པའི་བྱ་བའི་དམིགས་འབེན་མངོན་འགྱུར་བྱེད་པར་འགན་སྲུང་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།