མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས་བཅུ་བདུན་པའི་གྲ་སྒྲིག་ཚོགས་འདུ་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས་བཅུ་བདུན་པའི་གྲ་སྒྲིག་ཚོགས་འདུ་བསྡུས་ནས། འགྲན་སྡུར་སྔོན་གྱི་གྲ་སྒྲིག་བྱ་བའི་གནས་ཚུལ་ཐད་ཀྱི་ཡར་ཞུ་ལ་ཉན་པ་དང་། རྩ་འཛུགས་གྲ་སྒྲིག་དང་འཁོར་སྐྱོད་ཇུས་གཞི་ལ་ཞིབ་འཇུག་དང་གྲོས་སྡུར་བྱས་པ་མ་ཟད། དུས་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་ཚོགས་འདུར་ཞུགས་ནས་གཏམ་བཤད།

དབྱང་ཧྥིན་ཁྲུན་གྱིས་ནན་གྱིས་བསྟན་དོན། མཚོ་སྐོར་ལྕགས་རྟ་འགྲན་སྡུར་དེ་མིང་དུ་གྲགས་པའི་ལུས་རྩལ་འགྲན་སྡུར་ཞིག་ཡིན་པའི་ཆ་ནས། དེའི་དོན་སྙིང་དང་ཤན་ཤུགས། ནུས་པ་བཅས་འགྲན་སྡུར་རང་སྟེང་ལས་བརྒལ་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་དུས་ཆེན་གལ་ཆེན་དང་ཕྱི་ཕྱོགས་བརྗེ་རེས་འགྲོ་འོང་གི་སྟེགས་བུ་གལ་ཆེན་དུ་གྱུར་ཡོད་པས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ངོས་ཟིན་སྔར་ལས་ཇེ་མཐོར་གཏོང་བ་དང་། བསམ་བློ་དང་འགུལ་སྐྱོད་གཉིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་ལ་གྲ་སྒྲིག་བཟང་བོ་བྱེད་པའི་སྐོར་གྱི་བཀོད་སྒྲིག་དང་རེ་བའི་སྟེང་གཅིག་གྱུར་བྱས་ནས། ཐུན་མོང་གི་ལྟ་བ་གཅིག་ཏུ་སྒྲིལ་བ་དང་གཙོ་གནད་ལ་ཁག་ཐེག་བྱེད་པ། ཞིབ་ཆར་ཤུགས་སྣོན་པ། མཉམ་དུ་བྱ་བ་སྤེལ་བ་དང་། སྤྲོ་སེམས་ཆེན་པོ་དང་དཔའ་ངར་ཆེར་སྐྱེད། དངོས་གཉེར་གྱི་སྤྱོད་ཚུལ་ལ་བརྟེན་ནས། སྟོབས་ཤུགས་ཡོད་རྒུས་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ་དང་། ལྷག་པར་དུ་མགོ་རྩོམ་མཛད་སྒོ་དང་བདེ་འཇགས་འགན་སྲུང་། འགྲན་སྡུར་ལ་རྩ་འཛུགས་བྱེད་པ་དང་དྲིལ་སྒྲོག་བཟང་བོ་བྱེད་པ། ཞབས་ཞུའི་འགན་སྲུང་། འཕྲལ་བསྟུན་ཐག་གཅོད་སོགས་གནད་འགག་ཁྱབ་ཁོངས་དང་དུས་རིམ་གལ་ཆེན་ལ་དམིགས་ཏེ། བྱ་བ་བརྟན་བརླིང་དང་ཞིབ་ཕྲའི་ངང་བཟང་བོར་བསྒྲུབ་ནས། མཚོ་སྐོར་ལྕགས་རྟ་འགྲན་སྡུར་སྐབས་བཅུ་བདུན་པ་རྒྱལ་ཁའི་ངང་བསྡུ་བར་ཁག་ཐེག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།