མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཟས་རིགས་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་2018ལོའི་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཟས་རིགས་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི2018ལོའི་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཟི་ལིང་ནས་བསྡུས། ཚོགས་འདུའི་སྟེང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་གྱི2018ལོའི་ཞིང་ཆེན་ཡོངས་ཀྱི་ཟས་རིགས་སྨན་རྫས་བདེ་འཇགས་ཐད་ཀྱི་བྱ་བའི་རེ་བ་བརྒྱུད་སྒྲོག་བྱས་པ་དང་། 2017ལོའི་བྱ་བར་སྤྱི་སྡོམ་བྱས་ལ། ད་ལོའི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་ཡིས་ཚོགས་འདུར་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་གཏམ་བཤད།

ཚོགས་འདུ་ལས་བསྟན་དོན། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཟས་རིགས་སྨན་རྫས་བདེ་འཇགས་བྱ་བའི་འཐབ་ཇུས་བསམ་བློ་ལ་སློབ་སྦྱོང་གཏིང་ཟབ་དང་གོ་བ་ལོན་པར་བྱེད་པ་དང་། ངེས་པ་དོན་གྱིས་ཆབ་སྲིད་ལངས་གནས་མཐོར་འདེགས་སུ་བཏང་སྟེ། ཟས་རིགས་སྨན་རྫས་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཆབ་སྲིད་འགན་ཁུར་གལ་ཆེན་ཕྲག་སྟེང་དུ་ལེན་དགོས། གཟབ་ནན་ལྟ་སྐུལ་ནི་ནུས་ཡོད་བྱེད་ཐབས་ཡིན་པས། ངེས་པར་དུ་གསར་སྐྲུན་དེ་ལྟ་སྐུལ་གྱི་འདེགས་སྐྱོར་གལ་ཆེན་དུ་བརྩི་བ་དང་། མཐུན་སྦྱོར་དེ་ལྟ་སྐུལ་གྱི་བྱེད་ཐབས་གལ་ཆེན་དུ་བརྩི་བ། ལྗང་མདོག་དེ་ལྟ་སྐུལ་གྱི་གཞི་རྩའི་གཞི་རྒྱུ་རུ་བརྩི་བ། སྒོ་འབྱེད་དེ་ལྟ་སྐུལ་གྱི་ཕྱོགས་སྟོན་གསལ་བོ་རུ་བརྩི་བ། མཉམ་སྤྱོད་དེ་ལྟ་སྐུལ་གྱི་གཞི་རྩའི་དམིགས་ཡུལ་དུ་བྱེད་དགོས་ཟེར།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཆེས་གཟབ་ནན་གྱི་ཚད་གཞི་དང་ཆེས་གཟབ་ནན་གྱི་ལྟ་སྐུལ། ཆེས་གཟབ་ནན་གྱི་ཆད་གཅོད། ཆེས་གཟབ་ནན་གྱི་འགན་འདྲི་ཡིས་དམིགས་འབེན་གཙོ་བོ་དང་འགན་ཁུར་གཙོ་བོ། མི་དམངས་མང་ཚོགས་ཀྱི་ཚུར་སྣང་ཆེན་པོ་ཐེབས་པའི་ཟས་རིགས་སྨན་རྫས་བདེ་འཇགས་གནད་དོན་ལ་དམ་པོར་དམིགས་པ་དང་། “གཟབ་ནན་གསུམ་དང་དོན་དངོས་གསུམ”གྱི་བྱེད་སྲོལ་དང“གཟེར་འདེབས”སྙིང་སྟོབས་ལ་བརྟེན་ནས་དངོས་འབེབས་དམ་འཛིན་བྱེད་དགོས། རྩ་འཛུགས་འགོ་ཁྲིད་འགན་སྲུང་སྲ་སྒྱུར་བྱེད་པ་དང་དངུལ་གཏོང་འགན་སྲུང་སྲ་སྒྱུར་བྱེད་པ། འཛུགས་སྐྲུན་འཆར་གཞི་འགན་སྲུང་སྲ་སྒྱུར་བྱེད་པ། འཇོན་མིའི་དཔུང་སྡེ་འགན་སྲུང་སྲ་སྒྱུར་བྱེད་པ། ལྟ་སྐུལ་ཞིབ་བཤེར་འགན་སྲུང་སྲ་སྒྱུར་བྱས་ཏེ། ཟས་རིགས་སྨན་རྫས་བདེ་འཇགས་ཀྱི་ལྟ་སྐུལ་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་མི་དམངས་མང་ཚོགས་ཀྱི་ཟས་རིགས་སྨན་རྫས་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་ཟེར།

ཚོགས་ཐོག་ཏུ། ཞིང་ཆེན་སྲིད་གཞུང་གིས་ཁུལ་དང་གྲོང་ཁྱེར་བརྒྱད་དང་ཞིང་ཆེན་ཞིང་ཕྱུགས་ཐིན། ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་བཅས་བར་དུ《2018ལོའི་ཟས་རིགས་སྨན་རྫས་བདེ་འཇགས་བྱ་བའི་དམིགས་འབེན་འགན་འཁྲིའི་ཡི་གེ》བཀོད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།