མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་ཞིང་ཆེན་ཡོངས་ཀྱི་ཟས་རིགས་སྨན་རྫས་བདེ་འཇགས་བྱ་བའི་ཐད་བླང་བྱ་བཏོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་ཞིང་ཆེན་ཡོངས་ཀྱི་ཟས་རིགས་སྨན་རྫས་བདེ་འཇགས་བྱ་བའི་ཐད་བླང་བྱ་བཏོན། ཝང་ཅན་ཅོན་གྱིས་བསྟན་དོན། ཟས་རིགས་སྨན་རྫས་བདེ་འཇགས་ནི་རིགས་སོ་སོའི་མང་ཚོགས་ཀྱི་ལུས་པོའི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ཐད་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཡིན། ཉིས་སྟོང་བཅུ་བདུན་ལོར། ཞིང་ཆེན་ཡོངས་ཀྱི་ཟས་རིས་སྨན་རྫས་བདེ་འཇགས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་གཟབ་ནན་གྱིས་ལག་བསྟར་དོན་འཁྱོལ་བྱས་པ་དང་། བཅོས་སྒྱུར་བསམ་ཕྱོགས་དང་ཁྲིམས་སྐྱོང་འདུ་ཤེས། ནུས་ཡོད་བྱེད་ཐབས། གཟབ་ནན་གྱི་སྤྱོད་ཚུལ་བཅས་སྤྱད་དེ་ཟས་རིགས་སྨན་རྫས་ཀྱི་བདེ་འཇགས་བརྟན་འཇགས་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་རིགས་སོ་སོའི་མང་ཚོགས་ཀྱི་བདེ་འཇགས་ཐད་བྱས་རྗེས་གལ་ཆེན་བཞག ངས་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གི་བློ་མཐུན་ཡོངས་ལ་བཀའ་དྲིན་ཆེ་ཞུས་པ་ཡིན་ཟེར།

མང་ཚོགས་ཀྱི་བདེ་འཇགས་ཁེ་ཕན་ནི་དོན་ཆེན་ཞིག་ཡིན། ཉིས་སྟོང་བཅོ་བརྒྱད་ལོར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། ཙུང་ལི་ལིས་ཁི་ཆིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་པར་མ་ཟད། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་ཕྱོགས་བརྟན་པོར་བཙུགས་ཏེ་ཟས་རིགས་སྨན་རྫས་བདེ་འཇགས་བྱ་བ་དེ་ཆབ་སྲིད་གླེང་བའི་མཐོ་ཚད་དུ་བཞག་སྟེ་གཟབ་ནན་བཞི་རྒྱུན་འཁྱོངས་དང་། ཟས་རིགས་སྨན་རྫས་བདེ་འཇགས་ཐད་ཀྱི་གོ་རིམ་ལ་དོ་དམ་ནན་མོ་བྱེད་པ་དང་ཉེན་ཁར་ཚོད་འཛིན་ནན་མོ་བྱེད་དགོས་ལ། ཟས་རིགས་སྨན་རྫས་བདེ་འཇགས་ཐད་ཀྱི་བཅོས་སྐྱོང་ཁྱོན་ཡོངས་ནས་ཇེ་དྲག་ཏུ་བཏང་སྟེ་རིགས་སོ་སོའི་མང་ཚོགས་ཀྱི་མཛེས་སྡུག་འཚོ་བའི་དགོས་མཁོ་བསྐོང་བར་བྱས་རྫེས་གསར་བ་འཇོག་དགོས་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།