མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་འགན་ནུས་སྒྱུར་བར་སྐུལ་འདེད་བྱེད་པའི་མཐུན་སྦྱོར་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་འགན་ནུས་སྒྱུར་བར་སྐུལ་འདེད་བྱེད་པའི་མཐུན་སྦྱོར་ཚན་ཆུང་གི་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགན་ནུས་སྒྱུར་བར་སྐུལ་འདེད་བྱེད་པའི་མཐུན་སྦྱོར་ཚན་ཆུང་གི་ཚན་གཙོ་ཝང་ཡུས་པའོ་ཡིས་ཚོགས་འདུར་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགན་ནུས་སྒྱུར་བར་སྐུལ་འདེད་བྱེད་པའི་མཐུན་སྦྱོར་ཚན་ཆུང་གི་ཚན་གཙོ་གཞོན་པ་ཁོང་ཡུང་གིས་བཀོད་སྒྲིག་བྱས།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་བསྟར་བྱེད་འགོ་རྩོམ་པའི་ལོ་དང་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་ཅུ་འགོར་བའི་ལོ་ཡིན་ལ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་གཞི་ལག་བསྟར་བྱེད་པའི་གནད་འགག་གི་ལོ་ཡང་ཡིན་པས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། བཅོས་སྒྱུར་གྱི་ཁ་ཕྱོགས་གསལ་བོར་བྱེད་པ་དང་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བྱེད་པ། སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་བྱེད་པ། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཡིད་ཚིམ་མིན་དང་དགའ་སྤྲོ་སྐྱེས་མིན། འཐད་པ་ཡིན་མིན། གོང་བཀུར་བྱེད་མིན་བཅས་བཅོས་སྒྱུར་ལེགས་འགྲུབ་བྱུང་མིན་གྱི་ཚད་གཞི་རུ་བརྩིས་ཏེ། གོམ་པ་མྱུར་བགྲོད་སྒོས་མུ་མཐུད་དུ་བཅོས་སྒྱུར་གཏིང་ཟབ་སར་སྤེལ་དགོས་ཟེར།
ཚོགས་འདུ་ལས། ད་ལོར་བཅོས་སྒྱུར་གྱི་གནད་འཁེལ་རང་བཞིན་དང་མཐུན་སྦྱོར་རང་བཞིན། དངོས་ཕན་རང་བཞིན་བཅས་ཀྱི་སྟེང་ཤུགས་འདོན་དགོས་ཤིང་། མུ་མཐུད་དུ་རིགས་སོ་སོའི་སྲིད་འཛིན་གྱི་ཞིབ་མཆན་བྱ་བ་ཁུ་བསྡུ་བྱས་ཏེ་ཐོན་སྐྱེད་ཆོག་མཆན་འཛིན་ཡིག་ལ་ཞིབ་མཆན་འགོད་པའི་གོ་རིམ་ལེགས་སྒྱུར་བྱེད་དགོས་ལ། མུ་མཐུད་དུ་ཚོང་རར་འཇུག་ཐབས་རྒྱ་བསྐྱེད་ནས་ཕྱོགས་བསྡུས་ཁྲིམས་འཛིན་བཅོས་སྒྱུར་ལ་སྐུལ་འདེད་བྱེད་དགོས་པར་མ་ཟད། སྲིད་དོན་ཆ་འཕྲིན་མ་ལག་གི་སྡེབ་སྒྲིག་མཉམ་སྤྱོད་ཇེ་མགྱོགས་སུ་བཏང་ནས་དངོས་ཚན་སྲིད་དོན་ཚོམས་ཆེན་གྱི་ཞབས་ཞུའི་ནུས་པ་མཐོར་འདེགས་བྱེད་དགོས་པ་དང་། ཤུགས་ཆེན་པོས་སྤྱི་ཚོགས་ཀྱི་རིགས་སོ་སོའི་བཅོས་སྒྱུར་གྱི་ཐོབ་ཚོར་ཇེ་ཆེར་གཏོང་དགོས་པའི་རེ་བ་བཏོན།

ཚོགས་འདུ་ལས《ལས་གཉེར་དཔང་ཡིག་དང་དཔང་ཡིག་དབྱེ་འབྱེད་”བྱེད་པའི་སྐོར་གྱི་བཅོས་སྒྱུར་ཚོད་ལྟའི་ལག་བསྟར་ཇུས་གཞི》དང་《སྡོད་ཁང་འཛུགས་སྐྲུན་དང་གྲོང་ཁྱེར་དོ་དམ་གྱི་རྨང་གཞིའི་སྒྲིག་ཆས་བཟོ་སྐྲུན་དཔེ་རིས་ལ་ཞིབ་བཤེར་བྱེད་པར་སྐུལ་འདེད་བྱེད་པའི་སྐོར་གྱི་ལམ་ལུགས་བཅོས་སྒྱུར་གྱི་བསམ་འཆར》གཉིས་ལ་གྲོས་ཞིབ་བྱས།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།