ཝང་ཡུས་པོ་ཡིས་འགོ་འཛིན་བྱས་ཏེ་མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་ཁུལ་གསར་བའི་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་ཡིས་འགོ་འཛིན་བྱས་ཏེ་མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་ཁུལ་གསར་བའི་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ནས། ཧྲུའུ་ཅི་ཝང་ཅན་ཅུན་གྱིས་བཏོན་པའི་བྱ་བའི་རེ་བ་དངོས་འབེབས་བཟང་བོ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་དགོས་མཁོ་སྐོང་བ་དམིགས་འབེན་དུ་བཟུང་སྟེ་ཧུར་ཐག་སྒོས་མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་དེ་ཆུ་ཚད་མཐོ་ཞིང་སྤུས་ཚད་ལེགས་པ་དང་ཁྱད་ཆོས་ལྡན་པའི་སློབ་གླིང་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན།

ཝང་ཡུས་པོ་ཡིས་བཤད་རྒྱུར། མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་ཁུལ་གསར་བ་འཛུགས་སྐྲུན་བྱེད་པ་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་སྨན་བཅོས་འཕྲོད་བསྟེན་དགོས་མཁོ་གཞིར་བཟུང་སྟེ་སྨན་བཅོས་ཐོན་ཁུངས་སྒྲིག་སྦྱོར་ལེགས་སྒྱུར་བྱེད་པ་དང་། དེང་རབས་ལས་རིགས་སློབ་གསོ་ལ་ཤུགས་སྣོན་པ། ཤུགས་ཆེན་པོས་འཕྲོད་བསྟེན་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ། མི་དམངས་ཀྱི་བདེ་ཐང་ལ་སྔར་ལས་འགན་སྲུང་བྱེད་པ་བཅས་ལ་དམིགས་ནས་གཏན་འཁེལ་བྱས་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་དང་ས་གནས་ཀྱིས་མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་བློ་བརྟན་པོར་ཆགས་པར་བྱེད་པ་དང་། འཆར་འགོད་དང་འཛུགས་སྐྲུན་དེ་བདེ་ཐང་མཚོ་སྔོན་འགུལ་སྐྱོད་ལག་བསྟར་བྱེད་པའི་བྱ་བ་གལ་ཆེན་དུ་བརྩིས་ཏེ་དམ་འཛིན་བྱེད་པ་དང་མྱུར་དུ་རྩ་འཛུགས་དང་ལག་བསྟར་བྱེད་དགོས་ཟེར།

ཝང་ཡུས་པོ་ཡིས་བཤད་རྒྱུར། འཆར་འགོད་དང་ཇུས་གཞི་དམ་འཛིན་བྱེད་པ་ནི་སློབ་ཁུལ་གསར་བའི་འཛུགས་སྐྲུན་གྱི་གནད་ས་ཡིན། གྲོན་ཆུང་དང་སྤྱོད་སྒོ་ཆེ་བ་སོགས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སྨན་བཅོས་དང་སློབ་གསོའི་རོགས་ལས་ལག་བསྟར་བྱེད་པ་དང་གཅིག་གྱུར་སྒོས་འཛུགས་སྐྲུན་གཞི་ཁྱོན་དང་ནུས་པའི་བཀོད་སྒྲིག་ལ་འཆར་འགོད་བཟང་བོ་བྱེད་དགོས། ལས་གཞི་དེ་ཞིང་ཆེན་རིམ་པའི་ལས་གཞི་གལ་ཆེན་དུ་བཞག་སྟེ། འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་དང་དེའི་གཞུང་སྒྲུབ་ཁང་གིས་འགན་འཁྲི་དང་ལེན་བྱེད་པ་དང་། ནན་ཏན་སྒོས་ལས་གཞིའི་སྔོན་གྱི་བྱ་བ་དང་མ་དངུལ་བཀོད་སྒྲིག རྩ་འཛུགས་ལག་བསྟར་སོགས་ཀྱི་བྱ་བ་བཟང་བོར་སྒྲུབ་ནས། སློབ་ཁུལ་གསར་བའི་བཟོ་སྐྲུན་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་དགོས་ཟེར། 
 

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།