ཝང་ཅན་ཅོན་གྱིས་ན་གོར་མོ་གྲོང་ཁྱེར་འབྲི་ཆུའི་འགོ་ཁུངས་སྡེ་བ་རུ་ཏང་ཡོན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་མིག་དཔེ་རུ་བྱས་ནས། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་སུ་བརྟན་པོར་འཛིན་དགོས་པའི་སྐུལ་མ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུའི་འགོ་ཁུངས་སྡེ་བ་རུ་སོང་ནས། ཏང་ཡོན་དང་མང་ཚོགས་ཚོ་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཡི་མངག་བཅོལ་ལ་ཕྱིར་དྲན་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་ནས་གླེང་མོལ་བྱས། ཁོས་ཏང་ཡོན་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་སུ་བརྟན་པོར་འཛིན་པ་དང་། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་གི་རྗེས་སུ་འབྲངས་ཏེ། འབྲི་ཆུའི་འགོ་ཁུངས་སྡེ་བ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། གསར་བརྗེའི་གཞི་རྒྱུ་རྒྱུད་འཛིན་ཐད་ཀྱི་མཚན་སྙན་ཅན་གྱི་ས་ཆ་རུ་འཛུགས་སྐྲུན་བྱེད་དགོས་པའི་སྐུལ་མ་བཏང་།

འབྲི་ཆུའི་འགོ་ཁུངས་སྡེ་བའི་ཏང་ཡོན་བྱ་འགུལ་ཁང་དུ། ཝང་ཅན་ཅོན་གྱིས་སྡེ་བའི་ལས་བྱེད་པ་དང་ཏང་ཡོན་འཐུས་ཚབ་དང་བཞུགས་མོལ་བྱས། ཚང་མས་གཏམ་བཤད་སྐབས་བཤད་རྒྱུར། ཕྱུག་པོར་གྱུར་ཡང་གུང་ཁྲན་ཏང་དང་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་དྲིན་བརྗེད་མི་སྲིད། སྤྱི་ཁྱབ་ཧྲུའུ་ཅི་ང་ཚོའི་སྡེ་བར་ཕེབས་ནས། ང་ཚོའི་བདེ་སྐྱིད་ཐད་ནས་འཆར་འགོད་མཛད་ཡོད། ས་འདིར་གནས་སྤར་རྗེས། འབྲི་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་ལ་སྲུང་སྐྱོབ་བཟང་བོ་བྱས་པ་དང་། ང་ཚོ་གྲོང་ཁྱེར་ཁྲོད་འདྲེས་ཐུབ་པ་བྱུང་ལ། ལྟ་བར་འགྱུར་ལྡོག་བྱུང་ཞིང་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་། སྤྱི་ཐུན་ཞབས་ཞུ་བཟང་བོ་ཡང་ལོངས་སྤྱོད་བྱེད་ཐུབ་པ་བྱུང་བས། ང་ཚོས་སེམས་གཏིང་ནས་གུང་ཁྲན་ཏང་དང་སྤྱི་ཁྱབ་ཧྲུའུ་ཅིར་བཀའ་དྲིན་ཞུས་པ་ཡིན་ཟེར།

ཝང་ཅན་ཅོན་གྱིས་ཁོ་ཚོའི་གཏམ་བཤད་ལ་ཉན་རྗེས་བཤད་རྒྱུར། དེ་རིང་ཚང་མ་དང་མཉམ་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་དང་སྤྱི་ཁྱབ་ཧྲུའུ་ཅི་ཡི་རྒྱལ་ཡོངས་ཚོགས་ཆེན་གཉིས་སྟེང་གི་གསུང་བཤད་གལ་ཆེན་ལ་ཕྱིར་དྲན་བྱེད་དུ་ཡོང་བ་ཡིན་ལ། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་སུ་བརྟན་པོར་འཛིན་པའི་བརྗོད་དོན་སློབ་གསོ་སྤེལ་བའི་སྔ་ནུབ་ཏུ་ཚང་མར་འཚམས་འདྲི་བྱེད་དུ་ཡོང་བ་ཡིན། བརྗོད་དོན་སློབ་གསོ་སྤེལ་བའི་ཐད་ནས། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་མིག་དཔེ་བསྟན་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པ་ནི། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། འགན་འཁྲི་སེམས་སུ་བརྟན་པོར་འཛིན་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་དེ་ཡིན་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ལ་སློབ་སྦྱོང་བྱེད་པ་དང་། མི་དམངས་སེམས་ཁོང་གི་གོ་གནས་ཆེས་མཐོ་སར་འཇོག་པ། མི་དམངས་མང་ཚོགས་ཀྱི་ཁྲོད་དུ་སོང་ནས་ཁོ་ཚོའི་དགོས་མཁོ་དང་རེ་བར་རྒྱུས་ལོན་བྱེད་པ། ཉེ་འགྲམ་གྱི་དོན་དག་དང་ཉེ་འགྲམ་གྱི་མི་ལ་བརྟེན་ནས་བརྗོད་དོན་སློབ་གསོ་བཟང་བོར་སྤེལ་བ་དང་། རང་ཉིད་ཀྱི་ཏང་དང་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོར་བརྟེན་ནས་མང་ཚོགས་ལ་སྣེ་ཁྲིད་བྱེད་པ་དང་སློབ་གསོ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོ་སྤེལ་བའི་ཁྲོད་ནས་འབྲི་ཆུའི་འགོ་ཁུངས་སྡེ་བའི་ཉམས་མྱོང་གསོན་པོ་བསྐྲུན་དགོས་ཟེར།

ཡུས་ཚོང་ལི་ཡིས་མཉམ་དུ་རྟོག་ཞིབ་བྱས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།