ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་མཱ་ཁྲང་ཆིན། གཟིམ་ཁང་བཅས་ཚོགས་འདུར་ཞུགས།
ཚོགས་འདུ་ལས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང«སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་སྒྲུབ་བྱ་བའི་སྒྲིག་སྲོལ»གཉིས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། སྲིད་གྲོས་སྐབས་བཅུ་གཅིག་པའི་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་བྱ་བའི་གནས་ཚུལ་དང་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2018ལོའི་བྱ་བ་གཙོ་བོ་ཡར་ཞུ་བྱས་པར་མ་ཟད། སྲིད་གྲོས་སྐབས་བཅུ་གཉིས་པའི་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི2018ལོའི་བྱ་བ་གཙོ་བོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
ཨུ་ཡོན་ཚོས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་ཨུ་ཡོན་གྱི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་ཡང་དག་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པར་བྱེད་པ། ཏང་གི་སྲོག་ཤིང་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ། མི་དམངས་ཀྱི་གཙོ་འཛིན་ལ་དགའ་གུས་བྱེད་དགོས་ཤིང་། སློབ་སྦྱོང་ལ་ཤུགས་སྣོན་བྱེད་པ་དང་འགན་ནུས་མཐོར་འདེགས་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་ཡར་རྒྱས། སྤྱི་ཚོགས་འཆམ་མཐུན་བཅས་ལ་སྲུང་སྐྱོབ་བྱེད་པའི་ཐད་དུ་སྟོབས་ཤུགས་འབུལ་དགོས་ཟེར།
རིན་ཆེན་རྣམ་རྒྱལ་གྱིས་ནན་གྱིས་བསྟན་དོན། ཨུ་ཡོན་ཚང་མས་རང་འགུལ་གྱིས་འཐབ་ཕྱོགས་གཅིག་གྱུར་དང་མི་དམངས་སྲིད་གྲོས་གཞུང་ལུགས་ལ་སློབ་སྦྱོང་བྱེད་པ་དང་། ཏང་གི་མི་རིགས་ཆོས་ལུགས་ཀྱི་སྲིད་ཇུས་བྱེད་ཕྱོགས་དང་མི་རིགས་ཁུལ་ཁོངས་ཀྱི་རང་སྐྱོང་ལམ་ལུགས་ལ་སློབ་སྦྱོང་བྱས་ནས་གཞུང་ལུགས་སློབ་སྦྱོང་ཆུ་ཚད་དང་སྲིད་ཇུས་བཀོལ་སྤྱོད་ནུས་པ་མཐོར་འདེགས་སུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གོ་གནས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་དང་། ཧུར་ཐག་གིས་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་དང་གནས་བབ་བརྡར་གཅོད་ནུས་པ། གསར་གཏོད་ཡར་བརྩོན་ནུས་པ་བཅས་མཐོར་འདེགས་སུ་གཏོང་དགོས། ཀྲུང་དབྱང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་གཙོ་བོ་ལེགས་སྒྲིག་བྱས་པའི་ཐག་གཅོད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས། རང་འགུལ་གྱིས་ཏང་གི་འགོ་ཁྲིད་ལ་སྲུང་སྐྱོབ་དང་དང་ལེན་བྱེད་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་ལ་ཆབ་སྲིད་ཀྱི་སྟེང་ནས་ཁ་ཕྱོགས་གཅིག་མཐུན་དང་བསམ་བློའི་སྟེང་ནས་ལྟ་བ་གཅིག་མཐུན། བྱ་བའི་སྟེང་ནས་གོམ་མཉམ་ཡོང་བར་བྱེད་དགོས།
མཚོ་སྔོན་ཞིང་ཆེན་གྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་དང་མང་ཚོགས་ཀྱིས་དོ་སྣང་བྱེད་པའི་དཀའ་གནད་དང་གནད་དོན་ཚ་ཤོས་ལ་དམིགས་ནས། རྟོག་ཞིབ་གཏིང་ཟབ་བྱེད་པ་དང་བསམ་ཕྱོགས་འདོན་པ། ཇུས་བཟང་འབུལ་བ་བཅས་བྱེད་དགོས། ཨུ་ཡོན་རེ་རེ་ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བ་སོ་སོའི་ཁྲོད་ཧུར་ཐག་གིས་ཞུགས་ཏེ་བྱ་བ་ལེགས་པོར་བསྒྲུབ་སྟེ།ཨུ་ཡོན་ལྷན་ཁང་དང་སྲིད་གྲོས་བྱ་བ་མུ་མཐུད་དུ་རྐས་རིམ་གསར་བ་ཞིག་ཏུ་སླེབས་པར་མཉམ་དུ་སྐུལ་འདེད་བྱེད་དགོས་ཟེར། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
མཚོ་སྔོན་ཞིང་ཆེན་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་བསྡུས།