​འཛམ་གླིང་བཀྲ་ཤིས་སྒོ་མང་མཆོད་རྟེན་ལ་འཛམ་གླིང་ཅི་ཉི་སིའི་ཡང་རྩེ་ཡི་མཚན་སྙན་ཐོབ་པ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འཛམ་གླིང་བཀྲ་ཤིས་སྒོ་མང་མཆོད་རྟེན་ནི་སྔར་འགྲོ་མགོན་འཕགས་པའི་བཀའ་བཞིན་གཅུང་རིན་ཆེན་ཆོས་རྗེ་ཤེས་རབ་རྒྱལ་མཚན་དང་། དཔོན་ཆེན་ཡེ་ཤེས་འབྱུང་གནས་ཀྱིས་བཞེངས་པའི་བཀྲ་ཤིས་སྒོ་མང་མཆོད་རྟེན་གྱི་རྗེས་ཤུལ་དུ། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་སྐུ་ཕྲེང་བཅུ་བ་མཆོག་སྐུ་འཚོ་བཞེས་སྐབས་མཆོད་རྟེན་འདི་ཉིད་བཞེངས་འདུན་གྱི་ཐུགས་བཞེད་མཆིས་མོད།  བསྟན་འགྲོའི་དོན་དུ་ཕྱག་ལས་བྲེལ་འཚབ་ཆེ་བ་དང་གློ་བུར་དགོངས་པ་རྫོགས་པས་དགོངས་བཞེད་ཇི་བཞིན་མ་འགྲུབ་པར་ལུས་པ། ༧པཎ་ཆེན་སྐུ་ཕྲེང་བཅུ་བའི་སྐུ་ཚ་སྒར་བ་ངག་དབང་བཟང་བོ་མཆོག་གིས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཐུགས་དགོངས་རྫོགས་པ་དང་མགོན་པོ་གང་གི་རྗེས་དྲན་དུ་ ༢༠༠༤ལོའི་ཟླ༢པའི་ཚེས༡༡ཉིན་མཆོད་རྟེན་འདི་ཉིད་བཞེངས་པའི་དབུ་ཚུགས་ནས་ལོ་ཡི་འཁོར་མོ་བཅུ་གསུམ་གྱི་རིང་ལ་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ནས་འབད་འབུངས་ལ་བརྟེན་ནས་ལེགས་པར་གྲུབ་བྱུང་བ་དང་། ༢༠༡༦ལོའི་ཟླ༧པའི་ཚེས༡༠ཉིན་རྒྱ་བརྒྱུད་ནང་བསྟན་དང་།ལྷོ་བརྒྱུད་ནང་བསྟན།བོད་བརྒྱུད་ནང་བསྟན་བཅས་སྐད་བརྒྱུད་ཆེན་པོ་གསུམ་གྱི་ནང་བསྟན་པའི་སྐྱེས་ཆེན་དམ་པ་ལྷན་འཛོམས་ཀྱིས་མཆོད་རྟེན་ལ་རབ་གནས་ཀྱི་ཆོ་ག་རྒྱ་ཆེར་མཛད། འཛམ་གླིང་བཀྲ་ཤིས་སྒོ་མང་མཆོད་རྟེན་ལ། ༢༠༡༧ལོར་ཧྲང་ཧའེ་འཛམ་གླིང་ཆེན་མོ་ཅི་ཉི་སིའི་སྤྱི་ཁྱབ་པུའུ་ནས་ཞིབ་དཔྱད་དང་དཔྱད་བསྡུར་རབ་དང་རིམ་པ་བརྒྱུད་མཐར། འཛམ་གླིང་བཀྲ་ཤིས་སྒོ་མང་མཆོད་རྟེན་ནི་བོད་བརྒྱུད་ནང་བསྟན་གྱི་གསང་སྔགས་ལུགས་ཀྱི་དཀྱིལ་འཁོར་ལྟར་བརྩིགས་ཡོད། མཐོ་ཚད་ལ་སྨི༦༠དང་ཞེང་ལ་སྨི༥༧ཡོད་པ་དང་། མཆོད་རྟེན་གྱི་བཀོད་པ་ཡོངས་ཕྱི་ནང་བར་གསུམ་དུ་ཕྱེས་ཡོད་པའི་ནང་དུ་བང་རིམ་ལྔ་དང་། ཕྱི་ན་ལྷ་ཁང་གི་སྒོ་མོ༡༠༨དང་། ལྷ་ཁང་ཆེ་ཆུང་༡༢༨བཅས་དང་། ནང་བཞུགས་ཀྱི་རྟེན་ལ་སྐུ་བརྙན་ཆིག་ཁྲི། བཀའ་བསྟན་གཙོས་གླེགས་བམ་གྱི་གསུང་རབ་ཁྲི་ཕྲག་བཅས་ཡོད། ཉེ་ལམ་༢༠༡༨ལོའི་ཟླ༡པོར་འཛམ་གླིང་ཆེན་མོ་ཅི་ཉི་སིའི་ཡང་རྩེ་སྟེ། བོད་ལུགས་མཆོད་རྟེན་གྱི་བཀོད་པ་ཆེས་མཆོག་ཏུ་གྱུར་བ་ཞེས་པའི་མཚན་སྙན་བསྒྲོན་ནས་ཀྲུང་གོའི་བོད་ལུགས་མཆོད་རྟེན་ཆེས་ཆེ་ཤོས་ཀྱི་གཟི་བརྗིད་དཔང་ཡིག་དངོས་སུ་སྤྲད། 

མཆོད་རྟེན་གྱི་རྨང་གཞི།

6.jpg

པུས་མདོ་དགོན་དགེ་བའི་བཤེས་གཉེན་བཅུ་ཕྲག་གསུམ་ལྷག་གིས་མཆོད་རྟེན་རབ་གནས་ཀྱི་ཆོ་ག་མཛད་བཞིན་པ།

7.jpg

༢༠༡༦ལོའི་ཟླ༨བའི་ཚེས༡༠ཉིན་རྒྱ་བརྒྱུད་ནང་བསྟན་དང་།ལྷོ་བརྒྱུད་ནང་བསྟན།བོད་བརྒྱུད་ནང་བསྟན་བཅས་སྐད་ཁོངས་གསུམ་གྱི་ནང་བསྟན་པའི་སྐྱེས་ཆེན་དམ་པ་ལྷན་འཛོམས་ཀྱིས་མཆོད་རྟེན་ལ་རབ་གནས་མཛད།

8.jpg

རྒྱ་བརྒྱུད་ནང་བསྟན་གྱི་དགེ་འདུན་པས་འཛམ་གླིང་བཀྲ་ཤིས་སྒོ་མང་མཆོད་རྟེན་ལ་རབ་གནས་ཀྱི་ཆོ་ག་མཛད་བཞིན་པ།

9.jpg

ལྷོ་བརྒྱུད་ནང་བསྟན་གྱི་དགེ་འདུན་པས་འཛམ་གླིང་བཀྲ་ཤིས་སྒོ་མང་མཆོད་རྟེན་ལ་རབ་གནས་ཀྱི་ཆོ་ག་མཛད་བཞིན་པ།

10.jpg

11.jpg

བོད་བརྒྱུད་ནང་བསྟན་གྱི་ས་དགེ་བཀའ་རྙིང་གི་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱིས་འཛམ་གླིང་བཀྲ་ཤིས་སྒོ་མང་མཆོད་རྟེན་ལ་རབ་གནས་ཀྱི་ཆོ་ག་མཛད་བཞིན་པ།

12.jpg

༧སྐྱབས་རྗེ་བསེ་ཚང་རྡོ་རྗེ་འཆང་གིས་མཆོད་རྟེན་ལ་རབ་གནས་དང་སྦྲགས་བཀའ་ཆོས་གནང་བཞིན་པ།

15.jpg

པཎ་ཆེན་སྐུ་ཕྲེང་བཅུ་བའི་སྐུ་ཚ་སྒར་བ་ངག་དབང་བཟང་བོ།

16.jpg

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།